taskname
stringclasses
1 value
url
stringclasses
1 value
instruction
stringclasses
1 value
input
stringlengths
51
61.5k
output
stringclasses
1 value
用于预训练的单语数据集
公开数据集
ཕྱི་ལོ་༢༠༡༨ཟླ་༨ཚེས་༢༠ཉིན་བོད་ཀྱི་དཔེ་མཛོད་ཁང་དུ་གཞི་ཐམས་ཅད་ཡོད་སྨྲའི་ལུགས་ཀྱི་འདུལ་བའི་ཕྱག་ལེན་སྐོར་དང་བོད་ཀྱི་སྐད་ཡིག་སློབ་གཉེར་གནང་བཞིན་པའི་ཐའེ་ལནཌ་དགེ་འདུན་པ་རྣམས་གཉིས་ཀྱི་སློབ་ཐུན་ལེགས་གྲུབ་བྱུང་བ།
用于预训练的单语数据集
公开数据集
དགེ་བཤེས་བློ་བཟང་བརྩོན་འགྲུས་ལགས་ནས་རྗེ་རིན་པོ་ཆེའི་གསུང་ལམ་རིམ་བསྡུས་དོན་འཆད་ཁྲིད་གནང་རྒྱུ།དགེ་རྒན།དགེ་བཤེས་བློ་བཟང་བརྩོན་འགྲུས་ལགས།དུས་ཚོད།དགོང་དྲོའི་ཆུ་ཚོད་༥ནས་༦༣༠བར།དུས་ཡུན།༢༠༡༨ཟླ་༨ཚེས་༢༢ནས་ཚེས་༢༤བར།དེབ་སྐྱེལ།སྒོར་༥༠ཚོགས་ཡུལ།བོད་ཀྱི་དཔེ་མཛོད་ཁང་གི་ནང་ཆོས་འཛིན་གྲྭ།
用于预训练的单语数据集
公开数据集
འཆད་ཁྲིད་འདི་ནི་སྐད་སྒྱུར་མེད་པར་ཐད་ཀར་བོད་སྐད་ཐོག་འཁྲིད་རྒྱུ་ཡིན།འདིའི་ཁྲིད་གཞུང་གཙོ་བོ་ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་སྨད་ཆ་གཞི་ལ་བཞག་ཡོད་པ་དང་།བརྗོད་བྱ་ནང་པའི་ཚན་རིག་གི་རྣམ་གཞག་ལས་ཡུལ་ཅན་བློའི་རྣམ་གཞགསེམས་བྱུང་གི་རྣམ་གཞག་རྒྱས་པར་བཤད་པ།སེམས་ཕྲ་རགས་ཀྱི་རྣམ་གཞགབློ་ཡུལ་ལ་འཇུག་པའི་ཚུལ་བཤད་པ།བློས་ཡུལ་འཇལ་བའི་ཐབས་བཤད་པ།སྒོམ་གྱི་སྒོ་ནས་བློ་སྦྱོང་བའི་ཐབས་སོགས་ཀྱི་སྐོར་ལ་འཆད་ཁྲིད་གནང་རྒྱུ་དང་།ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ཀྱི་བསྟན་བཅོས་འདི་བཞིན་ཨིན་སྐད་དང་རྒྱ་སྐད་ཀྱི་འགྱུར་ཡང་ཡོད།དུས་ཚོད།ཉིན་གུང་།ཆུ་ཚོད་༢།༠༠ནས་༣།༠༠བར།ཁྲིད་གཞུང་།ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ཀྱི་པོད་གཉིས་པ།སློབ་དཔོན།དགེ་བཤེས་རྒྱལ་མཚན་ཚེ་རིང་ལགས།ཚེས་གྲངས།ཕྱི་ཟླ་༨ཚེས་༡ནས་ཕྱི་ཟླ་༡༢ཚེས་༡༢བར།ཐུགས་འདོད་ཡོད་རིགས་རྣམས་ནས་བོད་ཀྱི་དཔེ་མཛོད་ཁང་གི་འཛིན་སྐྱོང་ལས་ཁུངས་སུ་མིང་ཐོ་དེབ་སྐྱེལ་གནང་དགོས།
用于预训练的单语数据集
公开数据集
མོས་ཀོ་གཙུག་ལག་སློབ་གཉེར་ཁང་གི་སློབ་ཕྲུག་གྲངས་བཅུ་དགུ་ལ་བོད་ཀྱི་དཔེ་མཛོད་ཁང་དུ་བོད་ཀྱི་སྐད་ཡིག་དང་ནང་ཆོས་ལ་སློབ་གཉེར་གནང་བའི་དམིགས་བསལ་ཕྱག་འཁྱེར་ཞིག་འབུལ་ལམ་ཞུས་ཡོད།
用于预训练的单语数据集
公开数据集
ཕྱི་ལོ་༢༠༡༨ཟླ་༦ཚེས་༢༤ནས།ཟླ་༧ཚེས་༡༡བར་བོད་ཀྱི་དཔེ་མཛོད་ཁང་གིས་གོ་སྒྲིག་འོག་མོས་ཀོ་གཙུག་ལག་སློབ་གྲཱའི་སློབ་ཕྲུག་ཁག་ཅིག་ལ་བོད་ཀྱི་སྐད་ཡིག་དང་ནང་ཆོས་ཀྱི་སློབ་ཐུན་ཞིག་གོ་སྒྲིག་ཞུས་པར་རྒྱལ་ཁའི་ངང་མཇུག་གྲུབ།བོད་ཀྱི་དཔེ་མཛོད་ཁང་གི་ངེས་སྟོན་པ་དང་དགེ་ལས་རྣམ་པ།མོས་ཀོ་གཙུག་ལག་སློབ་གྲྭའི་དགེ་སློབ་བཅས་ལྷན་དུ་བསྒྲོན་པའི་མཉམ་པར།སློབ་ཕྲུག་རྣམ་པས་བོད་སྐད་ཐོག་༸གོང་ས་མཆོག་ལ་བསྟོད་པའི་གླུ་དབྱངས་འབུལ་བཞིན་པ།ཉིན་མཐའ་མར་སློབ་ཕྲུག་རྣམས་ཡིག་རྒྱུགས་གཏོང་བཞིན་པ།བོད་ཀྱི་དཔེ་མཛོད་ཁང་གི་ངེས་སྟོན་པ་མཆོག་ནས་ཉིན་མཐའ་མར་སློབ་ཕྲུག་ཚོར་ཕེབས་སྐྱེལ་གསུང་བཤད་གནང་བཞིན་པ།མོས་ཀོ་གཙུག་ལག་སློབ་གྲྭའི་སློབ་དཔོན་ཆེན་པོ་ཨེ་གྷོར་མཆོག་ནས་མཇུག་སྡོམ་མཛད་སྒོར་གསུང་བཤད་གནང་བཞིན་པ།མོས་ཀོ་གཙུག་ལག་སློབ་གྲྭའི་སློབ་ཕྲུག་རྣམ་པས་བོད་ཀྱི་དཔེ་མཛོད་ཁང་གི་ངེས་སྟོན་པ་མཆོག་ལ་ཕྱག་རྟགས་འབུལ་བཞིན་པ།
用于预训练的单语数据集
公开数据集
ཕྱི་ལོ་༢༠༡༨ཟླ་༤ཚེས་༡༩ཉིན་བོད་ཀྱི་དཔེ་མཛོད་ཁང་གི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས་ནས་ཨིན་སྐད་ཐོག་ཚད་མེད་བཞིའི་སྐོར་འཆད་ཁྲིད་གནང་བཞིན་པ།དགེ་བཤེས་ལྷག་རྡོར་ལགས་ནས་ཚད་མེད་བཞིའི་སྐོར་འཆད་ཁྲིད་གནང་བཞིན་པ།དགེ་བཤེས་ལྷག་རྡོར་ལགས་ནས་ཚད་མེད་བཞིའི་སྐོར་འཆད་ཁྲིད་གནང་བཞིན་པ།དོན་གཉེར་ཅན་གྱི་སློབ་ཕྲུག
用于预训练的单语数据集
公开数据集
བོད་ཀྱི་དཔེ་མཛོད་ཁང་དང་མོས་ཀོ་གཙུག་ལག་སློབ་གཉེར་ཁང་གི་ལྟ་གྲུབ་ཚན་པ་གཉིས་དབར་ཤེས་ཡོན་བརྗེ་ལེན་གྱི་གྲོས་མཐུན་བཞག་པའི་དགོངས་དོན་ལྟར་།ད་ལན་སློབ་དཔོན་ཆེན་མོ་ཨེ་གྷོར་ལགས་ཀྱིས་སྣེ་ཁྲིད་འོག་ཨུ་རུ་སུ་སློབ་ཕྲུག་གྲངས་བཅུ་དགུ་ཙམ་འདི་ག་དཔེ་མཛོད་ཁང་དུ་ནང་པའི་ལྟ་སྤྱོད་དང་།བོད་ཀྱི་སྐད་ཡིག་སོགས་ལ་སློབ་གཉེར་གནང་མུས་རེད།བོད་ཀྱི་དཔེ་མཛོད་ཁང་གི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས་ནས་ཨུ་རུ་སུའི་སློབ་ཕྲུག་ཁག་ཅིག་ལ་ནང་པའི་ལྟ་གྲུབ་སྐོར་སློབ་ཁྲིད་གནང་བཞིན་པ།བོད་ཀྱི་དཔེ་མཛོད་ཁང་གི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས་ནས་ཨུ་རུ་སུའི་སློབ་ཕྲུག་ཁག་ཅིག་ལ་སྒོམ་ཁྲིད་གནང་བཞིན་པ།འདི་གའི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས་དང་ཨུ་རུ་སུའི་སློབ་ཕྲུག་ཁག་ཅིག་སྒོམ་ལ་གཞོལ་བཞིན་པ།བོད་ཀྱི་དཔེ་མཛོད་ཁང་གི་དྲུང་གཞོན་མཆོག་ནས་འགྲེམས་སྟོན་ཁང་གི་སྐོར་ལ་འགྲེལ་བཤད་གནང་བཞིན་པ།ཨུ་རུ་སུའི་སློབ་ཕྲུག་ཁག་ཅིག་འགྲེམ་སྟོན་ཁང་དུ་གཟིགས་སྐོར་གནང་བཞིན་པ།རྒན་བློ་བཟང་སྐལ་བཟང་ལགས་ཀྱིས་སྲོལ་རྒྱུན་པར་ཤིང་གི་སྐོར་ངོ་སྤྲོད་གནང་བཞིན་པ།
用于预训练的单语数据集
公开数据集
ཟླ་འདིའི་ཉིན་གསུམ་རིང་གི་དམིགས་བསལ་ནང་ཆོས་འཛིན་གྲྭ་ལ་དགེ་བཤེས་ལྷ་རམས་པ་རྒྱལ་མཚན་ཚེ་རིང་ལགས་ནས་སྐྱབས་འགྲོའི་སྐོར་གྱི་འཆད་ཁྲིད་གནང་རྒྱུ་རེད།དགེ་བཤེས་ལྷ་རམས་པ་རྒྱལ་མཚན་ཚེ་རིང་ལགས་ནས་སྐྱབས་འགྲོའི་སྐོར་གྱི་འཆད་ཁྲིད་གནང་བཞིན་པ།དགེ་བཤེས་ལྷ་རམས་པ་རྒྱལ་མཚན་ཚེ་རིང་ལགས་ནས་དམིགས་བསལ་ནང་ཆོས་འཛིན་གྲྭར་འཆད་ཁྲིད་གནང་བཞིན་པ།
用于预训练的单语数据集
公开数据集
དགེ་བཤེས་བློ་བཟང་བརྩོན་འགྲུས་ལགས་ནས་ཉིན་གསུམ་རིང་གི་དམིགས་བསལ་ནང་ཆོས་འཛིན་གྲྭ་འདི་བཞིན་རྒྱལ་སྲས་ལག་ལེན་སོ་བདུན་མའི་འགྲེལ་པ་གཞུང་གི་མུ་མཐུད་ནས་འཆད་ཁྲིད་གནང་བཞིན་པ།དགེ་བཤེས་བློ་བཟང་བརྩོན་འགྲུས་ལགས་ནས་འཆད་ཁྲིད་གནང་བཞིན་པ།དགེ་བཤེས་བློ་བཟང་བརྩོན་འགྲུས་ལགས་ནས་འཆད་ཁྲིད་གནང་བཞིན་པ།
用于预训练的单语数据集
公开数据集
སྐུ་ཞི་བར་གཤེགས་པ་༸སྐྱབས་རྗེ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་རིན་པོ་ཆེའི་དགུང་ཞག་ཞེ་དགུའི་བདུན་ཚིགས་དྲུག་པ་དང་འབྲེལ་ཏེ་མར་མེ་སྨོན་ལམ་གྱི་འདུ་ཚོགས་གོ་སྒྲིག་ཞུས་པ།
用于预训练的单语数据集
公开数据集
རྒྱ་གར་ལྷོ་ཕྱོགས་བྷེལ་ཀོབ་གཞིས་ཆགས་སུ་རྟེན་གཞི་བྱས་པའི་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་དུ་ཚན་རིག་སྣེ་ཁྲིད་ཟབ་སྦྱོང་སྐོང་འཚོགས་གནང་རྒྱུ།
用于预训练的单语数据集
公开数据集
ཕྱི་ལོ་༢༠༡༨ལོར་བོད་ཀྱི་དཔེ་མཛོད་ཁང་དུ་ནང་ཆོས་དང་བོད་ཀྱི་སྐད་ཡིག་སྦྱོང་མཁན་སློབ་ཕྲུག་ཚོའི་ཆེད་རྒྱུས་སྟོན་མཛད་སྒོ།
用于预训练的单语数据集
公开数据集
༄༅།།བོད་རྒྱལ་ལོ།༢༡༤༥རབ་གནས་ས་ཁྱི་ལོའི་གནམ་ལོ་གསར་དུ་བཞད་པའི་རྟེན་འབྱུང་དགའ་སྟོན་འཚམས་འདྲི་བཀྲི་བདེ་ལེགས་གྲངས་མེད་ཞུ།
用于预训练的单语数据集
公开数据集
སྤྱི་ལོ་༢༠༡༨ཟླ་༡༡ཚེས་༡ཉིན་ཅི་ལི་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་ཁག་གཅིག་འདི་གར་གཟིགས་སྐོར་དུ་ཕེབས་པ།
用于预训练的单语数据集
公开数据集
སྤྱི་ལོ་༢༠༡༨ཟླ་༩ཚེས་༢༧ཉིན་བོད་ཀྱི་དཔེ་མཛོད་ཁང་དུ་ཨ་རིའི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་དང་དེ་མིན་བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་ལྟ་སྐོར་དུ་ཕེབས་པ།
用于预训练的单语数据集
公开数据集
སྤྱི་ལོ་༢༠༡༨ཟླ་བ་༡༠ཚེས་༢༩ཉིན་དགེ་བཤེས་ལྷག་རྡོར་ལགས་ནས་གྲངས་ཐོ་ཚན་རིག་པ་ཁག་གཅིག་ལ་གསུང་བཤད་གནང་བ།
用于预训练的单语数据集
公开数据集
སྤྱི་ལོ་༢༠༡༨ཟླ་༡༠ཚེས་༢༥ཉིན་ཨིན་ཡུལ་གྱི་ཤེས་ཡོན་དང་ཚོང་འབྲེལ་འཐུས་མི་ཚོགས་ཁག་གཅིག་འདི་གར་གཟིགས་སྐོར་དུ་ཕེབས་པ།
用于预训练的单语数据集
公开数据集
ཉེ་ཆར་ལྷོ་བྱང་ཀོ་རི་ཡའི་གཞུང་འབྲེལ་མི་སྣ་ཚོས་གྲོས་མོལ་བྱས་པའི་རྗེས་སུ་གནས་སྐབས་རིང་ཀོ་རི་ཡའི་གླིང་ཟུར་གྱི་དམག་འཁྲུག་གི་ཛ་དྲག་ཡོད་པ་ཞི་འཇམ་སོང་སྟེ།ཟླ་བ་རྗེས་མའི་རྒྱལ་སྤྱིའི་དགུན་དུས་ཀྱི་ཨོ་ལིམ་ཕིཀ་རྩེད་རིགས་འགྲན་སྡུར་གྱི་སྒོ་འབྱེད་མཛད་སྒོའི་ཐོག་ཏུ་ལྷོ་བྱང་ཀོ་རི་ཡའི་རྩེད་འགྲན་པ་རྣམས་རུ་ཁག་གཅིག་ལ་རུ་སྒྲིག་བྱ་རྒྱུ་དང་།ད་དུང་ལྷོ་བྱང་ཀོ་རི་ཡའི་བུད་མེད་ཀྱི་འཁྱག་སྟེང་ཧོ་ཀི་རུ་ཁག་མཉམ་འབྲེལ་བྱས་ནས་འགྲན་སྡུར་ལ་ཞུགས་རྒྱུའི་གྲོས་མཐུན་བྱུང་ཞིང་།སྲིད་འཛིན་མུན་ཅེ་དབྱིན་གྱིས་བྱང་ཀོ་རི་ཡར་འབྲེལ་བ་ཡག་ཏུ་གཏོང་རྒྱུ་དང་ལྷོ་བྱང་ཀོ་རི་ཡའི་ནང་མོལ་སླར་གསོ་འབྱུང་ཐབས་ཀྱི་སྲིད་ཇུས་ཤིག་བཟུང་ཡོད་པར་གྲུབ་འབྲས་ཐོན་གྱི་ཡོད་པའི་རྣམ་པ་ཞིག་མངོན།ཡིན་ནའང་ལྷོ་ཀོ་རི་ཡའི་སྤྱི་ཚོགས་སུ་ལྷོ་བྱང་ཀོ་རི་ཡའི་བུད་མེད་ཀྱི་འཁྱག་སྟེང་ཧོ་ཀི་རུ་ཁག་མཉམ་འབྲེལ་བྱ་རྒྱུར་མོས་མཐུན་མེད་པ་དང་ལྷོ་ཀོ་རི་ཡའི་མི་རབས་གསར་པ་ཚོར་བྱང་ཀོ་རི་ཡར་འབྲེལ་བ་ཡར་རྒྱས་གཏོང་རྒྱུ་གཙིགས་སུ་འཛིན་དགོས་པའི་བསམ་བློ་མེད་པའི་རྣམ་པ་གཞན་ཞིག་ཀྱང་མངོན་ཡོད་པ་རེད།ཟླ་བ་རྗེས་མའི་ཚེས་༩་ཉིན་ལྷོ་ཀོ་རི་ཡའི་ཕིང་ཁྲང་ས་གནས་སུ་རྒྱལ་སྤྱིའི་དགུན་དུས་ཀྱི་ཨོ་ལིམ་ཕིཀ་རྩེད་རིགས་འགྲན་སྡུར་འཚོགས་ཀྱི་ཡོད་པ་དེའི་སྐབས་སུ་བྱང་ཀོ་རི་ཡའི་རྩེད་འགྲན་པ་ཚོར་རྒྱབ་སྐྱོར་དང་དགའ་བསུ་ཞུ་མཁན་མི་༢༣༠་ཐམ་པ་གཏོང་རྒྱུ་དང་།ལྷོ་བྱང་ཀོ་རི་ཡའི་རྩེད་འགྲན་པ་རྣམས་ཀོ་རི་ཡ་གཅིག་གྱུར་གྱི་དར་ཆ་གཅིག་གི་འོག་ཏུ་རུ་སྒྲིག་བྱ་རྒྱུ།ལྷོ་བྱང་ཀོ་རི་ཡའི་རྩེད་འགྲན་པ་རྣམས་ཀྱི་རྒྱབ་སྐྱོར་པ་ཚོ་མཉམ་དུ་བསྡད་ནས་ཕྱོགས་གཉིས་ཀྱི་རྩེད་འགྲན་པ་ཚོར་རྒྱབ་སྐྱོར་དང་དགའ་བསུ་འདྲ་མཚུངས་ཞུ་དགོས་པའི་གྲོས་མཐུན་བྱུང་འདུགདེར་བརྟེན་ལྷོ་ཀོ་རི་ཡའི་མི་དམངས་ཀྱི་ཁྲོད་དུ་བདུན་ཕྲག་འགའ་ཞིག་གི་གོང་དུ་ལྷོ་བྱང་ཀོ་རི་ཡ་གཉིས་ཀྱིས་དམག་འཁྲུག་རྒྱག་གྲབས་བྱས་ཏེ་ཕན་ཚུན་མེ་ཤུགས་འཕུར་མདེལ་དང་མེ་སྒྱོགས་རྒྱག་གྲབས་བྱས་པའི་ཛ་དྲག་བྱུང་ཡོད།ད་ལྟ་བདུན་ཕྲག་འགའ་ཞིག་གི་རྗེས་སུ་ལྷོ་བྱང་ཀོ་རི་ཡའི་རྩེད་འགྲན་པ་རྣམས་རུ་ཁག་གཅིག་ལ་རུ་སྒྲིག་བྱ་རྒྱུ་དང་ལྷོ་བྱང་ཀོ་རི་ཡའི་རྩེད་འགྲན་པ་ཚོར་རྒྱབ་སྐྱོར་དང་དགའ་བསུ་ཞུ་མཁན་རྣམས་མཉམ་དུ་བསྡད་ནས་དགའ་བསུ་ཞུ་དགོས་ཟེར་པ་ཧ་ཅང་གི་ཁྱད་མཚར་ཞིག་རེད་ཅེས་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་མ་ཟད།ལྷོ་ཀོ་རི་ཡའི་ཉམས་ཞིབ་པ་ཁག་ཅིག་དང་ཉི་ཧོང་།རྒྱལ་སྤྱིའི་ཉམས་ཞིབ་པ་ཁག་ཅིག་གིས་བྱང་ཀོ་རི་ཡ་ཟླ་བ་རྗེས་མའི་རྒྱལ་སྤྱིའི་ཨོ་ལིམ་ཕིཀ་རྩེད་རིགས་འགྲན་སྡུར་ལ་མཉམ་ཞུགས་བྱ་རྒྱུའི་མོས་མཐུན་བྱས་པ་ནི་ཀིམ་ཇུང་ཨུན་ལ་ཀོ་རི་ཡའི་གླིང་ཟུར་ཧྲིལ་བོར་ཞི་བདེ་བསྐྲུན་འདོད་ཡོད་པ་དང་ལྷོ་བྱང་ཀོ་རི་ཡ་གཉིས་གཅིག་གྱུར་བྱ་འདོད་པ།བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་དང་མེ་ཤུགས་འཕུར་མདེལ་མེད་པར་གཏོང་འདོད་ཡོད་པ་ཞིག་མིན།བྱང་ཀོ་རི་ཡའི་མེ་འཕུར་མདེལ་དང་རྡུལ་ཕྲན་མཚོན་ཆ་ཡར་རྒྱས་གཏོང་བར་དུས་ཚོད་དགོས་པ་འཐོབ་ཐབས་ཤིག་དང་།བྱང་ཀོ་རི་ཡའི་མེ་ཤུགས་འཕུར་མདེལ་གྱི་འཕྲུལ་རིག་ལག་རྩལ་ཡར་རྒྱས་གཏོང་བར་དུས་ཚོད་ལེན་ཐབས་ཤིག་རེད་ཅེས་ཉེན་བརྡ་བཏང་འདུགཁ་སང་གཟའ་ལྷག་པའི་ཉིན་ལྷོ་ཀོ་རི་ཡའི་གཞུང་འབྲེལ་མི་སྣ་ཚོས་ཟླ་བ་རྗེས་མའི་ཨོ་ལིམ་ཕིཀ་རྩེད་རིགས་འགྲན་སྡུར་ལ་བྱང་ཀོ་རི་ཡ་ནས་མི་༥༥༠་ཐམ་པའི་སྐུ་ཚབ་ཚོགས་པ་ཤིག་ཡོང་གི་ཡོད།ཁོ་ཚོའི་གྲས་སུ་བྱང་ཀོ་རི་ཡའི་རྩེད་འགྲན་པ་དང་ཟློས་གར་ཚོགས་པ།གླུ་གཞས་རུ་ཁག་དང་མཐོ་རིམ་གཞུང་འབྲེལ་མི་སྣ་ཁགབྱང་ཀོ་རི་ཡའི་གསར་འགོད་པ་དང་རྩེད་འགྲན་པའི་རྒྱབ་སྐྱོར་པ་བཅས་ཡོད་ཅེས་གསར་འགོད་གསལ་བསྒྲགས་སྤེལ་ཡོད།༡༩༩༡་ལོར་ལྷོ་བྱང་ཀོ་རི་ཡ་གཉིས་མཉམ་འབྲེལ་བྱས་ནས་རྒྱལ་སྤྱིའི་རྐང་རྩེད་ལྒང་ལི་དང་ཕིང་ཕང་རྩེད་མོའི་འགྲན་སྡུར་ལ་ཞུགས།༢༠༠༦་གི་རྒྱལ་སྤྱིའི་དགུན་དུས་ཀྱི་ཨོ་ལིམ་ཕིཀ་རྩེད་རིགས་འགྲན་སྡུར་སྐབས་སུ་ལྷོ་བྱང་ཀོ་རི་ཡ་གཉིས་རུ་ཁག་གཅིག་ལ་མཉམ་དུ་རུ་སྒྲིག་བྱས་ཏེ་༩༡་དང་༢༠༠༦་སོ་སོར་རྒྱལ་སྤྱིའི་ཐོག་ཏུ་ལྷོ་བྱང་ཀོ་རི་ཡའི་འབྲེལ་བ་ཡག་ཏུ་འགྲོ་རྒྱུའི་རེ་བ་འཆང་རུང་།རྒྱལ་སྤྱིའི་རྩེད་འགྲན་དེ་དག་མཇུག་བསྒྲིལ་པའི་རྗེས་སུ་ལྷོ་བྱང་ཀོ་རི་ཡ་གཉིས་སླར་ཡང་དགྲ་ཁ་གཏད་དུ་གྱུར་པ་དང་།ཐ་ན་ལྷོ་བྱང་ཀོ་རི་ཡ་གཉིས་ཀྱིས་དམག་འཁྲུག་རྒྱག་གྲབས་བྱས་ནས་ཛ་དྲག་རིམ་པ་ཞིག་བྱུང་ཡོད་པས།ཟླ་བ་རྗེས་མའི་ཨོ་ལིམ་ཕིཀ་རྩེད་རིགས་འགྲན་སྡུར་བརྒྱུད་ནས་ལྷོ་བྱང་ཀོ་རི་ཡའི་འབྲེལ་བ་ཡག་ཏུ་གཏོང་ཐུབ་པའི་ལྟ་ཚུལ་འཛིན་མཁན་དང་།ད་ལོའི་རྩེད་འགྲན་རྗེས་སུའང་ལྷོ་བྱང་ཀོ་རི་ཡའི་འབྲེལ་བ་སྔར་བཞིན་སྡུག་ཏུ་འགྲོ་སྲིད་པའི་ལྟ་ཚུལ་འཛིན་མཁན་གཉིས་ཀ་ཡོང་གི་ཡོད་པ་རེད།།
用于预训练的单语数据集
公开数据集
སྤྱི་ལོ་༢༠༡༨ཟླ་༡༠ཚེས་༢༥ཉིན་ཨིན་ཡུལ་གྱི་ཤེས་ཡོན་དང་ཚོང་འབྲེལ་འཐུས་མི་ཚོགས་ཁག་གཅིག་འདི་གར་གཟིགས་སྐོར་དུ་ཕེབས་པ།
用于预训练的单语数据集
公开数据集
སྤྱི་ལོ་༢༠༡༨ཟླ་༡༡ཚེས་༡ཉིན་ཅི་ལི་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་ཁག་གཅིག་འདི་གར་གཟིགས་སྐོར་དུ་ཕེབས་པ།
用于预训练的单语数据集
公开数据集
སྤྱི་ལོ་༢༠༡༨ཟླ་བ་༡༠ཚེས་༢༩ཉིན་དགེ་བཤེས་ལྷག་རྡོར་ལགས་ནས་གྲངས་ཐོ་ཚན་རིག་པ་ཁག་གཅིག་ལ་གསུང་བཤད་གནང་བ།
用于预训练的单语数据集
公开数据集
དགེ་བཤེས་ལྷག་རྡོར་ལགས་ནས་ཆེད་དུ་བརྗོད་པའི་ཚོམས་ལས་ལེའུ་སུམ་ཅུ་པ་བདེ་བའི་ཚོམས་ཀྱི་འཆད་ཁྲིད་གནང་རྒྱུ།སྐད་ཡིགཨིན་སྐད།དུས་ཚེས།དགོང་དྲོའི་ཆུ་ཚོད་༥ནས་༦༣༠བར།དུས་ཡུན།༢༠༡༨ཟླ་༡༠ཚེས་༢༤ནས་༢༦བར།ཚོགས་ཡུལ།བོད་ཀྱི་དཔེ་མཛོད་ཁང་གི་ནང་ཆོས་འཛིན་ཁང་།དེབ་སྐྱེལ།སྒོར་༡༠༠
用于预训练的单语数据集
公开数据集
སྐུ་ཞི་བར་གཤེགས་པ་༸སྐྱབས་རྗེ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་རིན་པོ་ཆེའི་དགུང་ཞག་ཞེ་དགུའི་བདུན་ཚིགས་དྲུག་པ་དང་འབྲེལ་ཏེ་མར་མེ་སྨོན་ལམ་གྱི་འདུ་ཚོགས་གོ་སྒྲིག་ཞུས་པ།
用于预训练的单语数据集
公开数据集
འཇིག་རྟེན་ཁམས་ཀྱི་རིག་པ་དང་རྣམ་པར་ཤེས་པའི་ཐོག་བགྲོ་གླེང་ཐེངས་བདུན་པའི་བརྗོད་གཞི་ལྟ་ཞིབ་དང་གནས་ཚུལ་ཞེས་པ་འདི་ནི་སྤྱི་ལོ་༢༠༡༨ཟླ་༡༠ཚེས་༤ནས་༦བར་འབྲས་ལྗོངས་སྒང་ཏོག་ཏུ་འདི་ག་བོད་ཀྱི་དཔེ་མཛོད་ཁང་དང་རྣམ་རྒྱལ་བོད་ཀྱི་ཤེས་རིག་ཉམས་ཞིབ་ཁང་གཉིས་ཟུང་འབྲེལ་གྱི་ཐོག་ནས་གོ་སྒྲིག་ཞུས་ཡོད་པ་དང་།འདི་ནི་ནང་པའི་མཁས་དབང་ཁག་དང་ནུབ་ཕྱོགས་དང་རྒྱ་གར་ཚན་རིག་པའི་དབར་ཉིན་གསུམ་རིང་སེམས་དོན་གྱི་རིན་ཐང་དང་ཚན་རིག་གི་དཔྱད་ཞིབ་མཉམ་འབྲེལ་ཁྱབ་སྤེལ་སླད་དམིགས་པའི་བགྲོ་གླེང་ཞིག་ཡིན།བོད་ཀྱི་དཔེ་མཛོད་ཁང་གི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས་ནས་བགྲོ་གླེང་གི་སྐུ་མགྲོན་གཙོ་བོ་འབྲས་ལྗོངས་མངའ་སྡེའི་སྲིད་འཛིན་སྐུ་ཞབས་གྷང་གྷ་པཱ་ར་ས་ཐ་ལགས་ཕེབས་བསུའི་སྣེ་ལེན་ཞུས་ཡོད།བོད་ཀྱི་དཔེ་མཛོད་ཁང་གི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས་ནས་ཚོགས་འདུའི་ངོ་སྤྲོད་གཏམ་བཤད་གནང་བཞིན་པ།ཚོགས་འདུའི་སྐུ་མགྲོན་གཙོ་བོ་འབྲས་ལྗོངས་ཀྱི་བློན་ཆེན་སྐུ་ཞབས་གྷང་གྷ་པ་ར་ས་ཐ་ལགས་ནས་གསུང་བཤད་གནང་བཞིན་པ།ཚོགས་འདུའི་གཏམ་བཤད་གནང་མཁན་དང་ཚོགས་བཅར་བ་རྣམ་པ།འདི་ག་བོད་ཀྱི་དཔེ་མཛོད་ཁང་གིས་དཔར་བསྐྲུན་ཞུས་པའི་དཔེ་དེབ་ཚོང་འགྲེམས་དང་།ཞེས་པའི་ཚན་རིག་གི་འགྲེམས་སྟོན།ཚོགས་འདུའི་གཏམ་བཤད་གནང་མཁན་དང་།ཚོགས་བཅར་བ།གོ་སྒྲིག་གནང་མཁན་བཅས་ཀྱི་མཉམ་པར།
用于预训练的单语数据集
公开数据集
སྤྱི་ལོ་༢༠༡༨ཟླ་བ་༡༠ཚེས་༡༦ཉིན་དགེ་བཤེས་ལྷག་རྡོར་ལགས་ནས་ལ་དྭགས་སློབ་ཕྲུག་ཁག་གཅིག་ལ་གསུང་བཤད་གནང་བ།
用于预训练的单语数据集
公开数据集
གླེ་རུ་རྟེན་གཞི་བྱས་པ་ཞེས་པའི་ཚོགས་པའི་རེ་འདུན་ལྟར་འདི་ལོའི་སྤྱི་ཟླ་༡༠ཚེས་༡༦ཉིན་དགེ་བཤེས་ལྷག་རྡོར་ལགས་ནས་ལ་དྭགས་སློབ་ཕྲུག་ཁག་གཅིག་ལ་དོན་དང་ལྡན་པའི་མི་ཚེ་དང་རྟེན་འབྲེལ་སྐོར་གསུང་བཤད་གནང་ཡོད།
用于预训练的单语数据集
公开数据集
སྤྱི་ལོ་༢༠༡༨ཟླ་༡༠ཚེས་༤ཉིན་བོད་ཀྱི་དཔེ་མཛོད་ཁང་དུ་ཨ་རི་སྤྱི་མཐུན་ཚོགས་པའི་གཞུང་ཞབས་པ་དང་ཨ་རིའི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དབུ་འཛིན་དང་ཚོགས་མི་ཁག་ཅིག་ལྟ་སྐོར་དུ་ཕེབས་པ།
用于预训练的单语数据集
公开数据集
སྤྱི་ལོ་༢༠༡༨ཟླ་༡༠ཚེས་༤ཉིན་བོད་ཀྱི་དཔེ་མཛོད་ཁང་དུ་ཨ་རི་སྤྱི་མཐུན་ཚོགས་པའི་གཞུང་ཞབས་པ་དང་ཨ་རིའི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དབུ་འཛིན་དང་ཚོགས་མི་ཁག་ཅིག་གཟིགས་སྐོར་དུ་ཕེབས་ཡོད།གཟིགས་སྐོར་དེའི་སྐབས་དྲུང་གཞོན་མཆོག་ནས་བསྟི་གནས་ཁང་འདིའི་ལས་རིམ་སོགས་ཀྱི་སྐོར་ངོ་སྤྲོད་གནང་ཡོད།
用于预训练的单语数据集
公开数据集
སྤྱི་ལོ་༢༠༡༨ཟླ་བ་༡༠ཚེས་༡ཉིན་དགེ་བཤེས་ལྷག་རྡོར་ལགས་ནས་འབྲས་ལྗོངས་མངའ་སྡེའི་རྒྱལ་ས་སྒང་ཏོག་ཏུ་གསུང་བཤད་གནང་བ།
用于预训练的单语数据集
公开数据集
སྤྱི་ལོ་༢༠༡༨ཟླ་བ་༡༠ཚེས་༡ཉིན་དགེ་བཤེས་ལྷག་རྡོར་ལགས་ནས་འབྲས་ལྗོངས་མངའ་སྡེའི་རྒྱལ་ས་སྒང་ཏོག་ནང་རྟེན་གཞི་བྱས་པའི་རྣམ་རྒྱལ་བོད་ཀྱི་ཤེས་རིག་ཉམས་ཞིབ་ཁང་གི་གོ་སྒྲིག་འོགངེས་གཏན་མེད་པའི་འཛམ་གླིང་གི་གཏན་གྱི་བདེ་སྐྱིད་ཅེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད།རྣམ་རྒྱལ་བོད་ཀྱི་ཤེས་རིག་ཉམས་ཞིབ་ཁང་གི་དབུ་འཛིན་བཀྲ་ཤིས་ལགས་ནས་བོད་ཀྱི་དཔེ་མཛོད་ཁང་གི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས་ལ་དགའ་བསུ་ཞུ་བཞིན་པ།བོད་ཀྱི་དཔེ་མཛོད་ཁང་གི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས་ནས་གསུང་བཤད་གནང་བཞིན་པ།མང་ཚོགས་ནས་དགེ་བཤེས་ལགས་ལ་དྲི་བ་ཞུ་བཞིན་པ།
用于预训练的单语数据集
公开数据集
༄༅།།སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་མཉམ་དུ་ཚད་རྡུལ་དངོས་ཁམས་དང་འབྲེལ་བའི་བགྲོ་གླེང་དུ་ཕེབས་པའི་རྒྱ་རིགས་ཚན་རིག་པ་རྣམས་ལ།འདི་ལོའི་སྤྱི་ཟླ་༡༡ཚེས་༢ཉིན་དགེ་བཤེས་ལྷག་རྡོར་ལགས་ནས་དགའ་བསུ་བྱེད་བཞིན་དཔེ་མཛོད་ཁང་དུ་གཟིགས་སྐོར་དང་།ཆོས་དང་མ་འབྲེལ་བའི་བཟང་སྤྱོད་སྐོར་གྱི་གསུང་བཤད།དེ་བཞིན་འདི་གའི་བྱེད་སྒོ་ཁགགཞན་ཡང་འདི་གའི་ལས་ཁུངས་ཁག་གི་སྐོར་ལ་རྒྱུས་སྟོན་བྱེད་བཞིན་པ།དགེ་བཤེས་ལགས་ནས་གཟིགས་སྐོར་དུ་ཕེབས་པའི་ཚན་རིག་པ་རྣམས་ལ་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་སྐོར་གྱི་གསུང་བཤད་གནང་བཞིན་པ།གསོལ་ཇའི་བར་གསེང་སྐབས་ཀྱི་དགོད་སྒྲའི་རྣམ་པ།དགེ་བཤེས་ལགས་ནས་གཟིགས་སྐོར་དུ་ཕེབས་པའི་ཚན་རིག་པ་རྣམས་ལ་འདི་གའི་འགྲེམས་སྟོན་ཁང་གི་སྐོར་རྒྱུས་སྟོན་བྱེད་བཞིན་པ།འདིར་ཕེབས་པའི་རྒྱ་རིགས་ཚན་རིག་པ་རྣམས་ལ་དགེ་བཤེས་ལགས་ནས་འདི་གའི་ཕྱག་དཔེ་གསུང་རྟེན་ཁང་གིས་ཉར་ཚགས་ལེགས་པར་བྱས་པའི་ཆོས་དཔེ་རིན་ཐང་ཆེ་བའི་དཔེ་ཚོགས་རྣམས་ཀྱི་སྐོར་འགྲེལ་བརྗོད་བྱེད་བཞིན་པ།དགེ་བཤེས་མཆོག་དང་ལྷན་དུ་བསྒྲོན་པའི་པར།
用于预训练的单语数据集
公开数据集
སྤྱི་ལོ་༢༠༡༨ཟླ་༡༡ཚེས་༡ཉིན་ཅི་ལི་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་ཁག་གཅིག་འདི་གར་གཟིགས་སྐོར་དུ་ཕེབས་པ།
用于预训练的单语数据集
公开数据集
སྤྱི་ལོ་༢༠༡༨ཟླ་༡༠ཚེས་༢༥ཉིན་ཨིན་ཡུལ་གྱི་ཤེས་ཡོན་དང་ཚོང་འབྲེལ་འཐུས་མི་ཚོགས་ཁག་གཅིག་འདི་གར་གཟིགས་སྐོར་དུ་ཕེབས་པ།
用于预训练的单语数据集
公开数据集
སྤྱི་ལོ་༢༠༡༨ཟླ་བ་༡༠ཚེས་༢༢ཉིན་སིངྒ་པུར་དང་མ་ལེ་ཤི་ཡ་རུ་རྟེན་གཞི་བྱས་པའི་ཨ་རིའི་གཞུང་ཚབ་ཀྱི་ཆུང་མ་རྣམ་གཉིས་འདི་གར་ལྟ་སྐོར་དུ་ཕེབས་པ།
用于预训练的单语数据集
公开数据集
རྒྱ་གར་ལྷོ་ཕྱོགས་བྷེལ་ཀོབ་གཞིས་ཆགས་སུ་རྟེན་གཞི་བྱས་པའི་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་དུ་ཚན་རིག་སྣེ་ཁྲིད་ཟབ་སྦྱོང་སྐོང་འཚོགས་གནང་རྒྱུ།
用于预训练的单语数据集
公开数据集
སྐུ་ཞི་བར་གཤེགས་པ་༸སྐྱབས་རྗེ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་རིན་པོ་ཆེའི་དགུང་ཞག་ཞེ་དགུའི་བདུན་ཚིགས་དྲུག་པ་དང་འབྲེལ་ཏེ་མར་མེ་སྨོན་ལམ་གྱི་འདུ་ཚོགས་གོ་སྒྲིག་ཞུས་པ།
用于预训练的单语数据集
公开数据集
སྤྱི་ལོ་༢༠༡༨ཟླ་༡༠ཚེས་༤ཉིན་བོད་ཀྱི་དཔེ་མཛོད་ཁང་དུ་ཨ་རི་སྤྱི་མཐུན་ཚོགས་པའི་གཞུང་ཞབས་པ་དང་ཨ་རིའི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དབུ་འཛིན་དང་ཚོགས་མི་ཁག་ཅིག་ལྟ་སྐོར་དུ་ཕེབས་པ།
用于预训练的单语数据集
公开数据集
སྤྱི་ལོ་༢༠༡༨ཟླ་༡༡ཚེས་༡ཉིན་ཅི་ལི་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་ཁག་གཅིག་འདི་གར་གཟིགས་སྐོར་དུ་ཕེབས་པ།
用于预训练的单语数据集
公开数据集
སྤྱི་ལོ་༢༠༡༨ཟླ་བ་༡༠ཚེས་༢༩ཉིན་དགེ་བཤེས་ལྷག་རྡོར་ལགས་ནས་གྲངས་ཐོ་ཚན་རིག་པ་ཁག་གཅིག་ལ་གསུང་བཤད་གནང་བ།
用于预训练的单语数据集
公开数据集
སྤྱི་ལོ་༢༠༡༨ཟླ་༡༠ཚེས་༢༥ཉིན་ཨིན་ཡུལ་གྱི་ཤེས་ཡོན་དང་ཚོང་འབྲེལ་འཐུས་མི་ཚོགས་ཁག་གཅིག་འདི་གར་གཟིགས་སྐོར་དུ་ཕེབས་པ།
用于预训练的单语数据集
公开数据集
༄༅།།བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ།དེ་རིང་ནི་སྤྱི་ལོལོའི་ཟླཚེསརེས་གཟའ་ཕུར་བུ་ཡིན།དྲ་གནས་ཉར་ཚགས།གཙོ་ངོས་སུ་འགོད་པ།ནང་འཇུག
用于预训练的单语数据集
公开数据集
གངས་ཀྱི་རི་སུལ་ན་འཚོ་ཞིང་།ཡབ་མེས་བཙན་པོ་ཚང་གི་གདུང་རྒྱུད།དཔའ་མཛངས་རྟུལ་ཕོད་ལྡན་པའི་དབྱངས་གསལ་སོ་བཞི་ཡི་བདག་པོ་ཁ་བ་ཚང་།ཁྱེད་ཀྱི་ངག་སྒོའི་ཀློང་ན།ཀ་ཁ་ཡི་སྒྲ་དབྱངས་འཁོར།དབྱངས་གསལ་གྱི་གདངས་དབྱངས་འཁྱིལ།མེས་པོའི་གནའ་གཏམ་བརྡོལ།ལོ་ངོ་དུ་མར་བརྒྱུད་པའི་གངས་ཅན་པའི་གླ་སྲོག་དམར་པོ།ཁ་བ་ཚང་གི་ཉིང་ཁུ།བོད་ཀྱི་སྐད་ཡིག་གི་ཚེ་སྲོག་ལ་གསོན་ཤུགས་རྒྱས་པར་ཤོག
用于预训练的单语数据集
公开数据集
གུས་པར་འོས་པའི་རྒྱ་ཆེའི་ཀློག་པ་པོ་རྣམ་པ་ཁམས་བཟང་།ད་ཐེངས་རྔུལ་ཆུ་རྡོག་པོ་འགའ་ཤས་དང་རེ་འདུན་གཙང་མས་དད་ཅིང་སྐད་ཡིག་ལ་བཅང་བའི་བརྩེ་སེམས་ཀྱིས་བསྐྲུན་པའི་བདག་གི་སྒེར་དེབ་ཐོག་མ།བརྡ་སྤྲོད་ཀྱི་གཞུང་ལེགས་བཤད་ལྗོན་པའི་དབང་པོའི་མཆན་འགྲེལ་ཙམ་༼ལྗོན་དབང་འགྲེལ་བ་གཞོན་ནུའི་བློ་རྒྱན༽་ཞེས་པ་འདི་ཉིད་པར་བསྐྲུན་བྱས་ཟིན་ནས་འགྲེམ་སྤེལ་བྱེད་བཞིན་ཡོད།དེབ་འདི་ནི་ཁོ་བོ་ལོ་ངོ་གང་མང་གི་རིང་ལ་ས་ཆ་གང་སར་སོང་ནས་བརྡ་སྤྲོད་དང་ལོ་རྒྱུས་སོགས་རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་བཅས་བཅུ་ཕྲག་རིག་པའི་གཞུང་ལུགས་དག་ལ་གསན་སྦྱང་བྱས་པའི་རྐྱེན་གྱིས་རོང་འབྲོག་གི་སློབ་བུ་འགའ་ཤས་ཀྱི་རེ་བ་ལྟར་དུ་མཉམ་དུ་འཆད་ཁྲིད་བགྱིས་ཁུལ་བྱས་པའི་ཁྲོད་ནས་ཕན་སླད་དུ་བཏབས་པའི་ཟིན་བྲིས་འགའ་ཤས་ཡིན་ལ་འདིའི་ནང་དུ་བཙན་པོ་སྤུར་རྒྱལ་བོད་ཀྱི་རྒྱལ་རབས་ཀྱི་བྱུང་བ་མདོར་བསྡུས་དང་བརྡ་སྤྲོད་པའི་རིག་གཞུང་།ལེགས་བཤད་ལྗོན་དབང་གི་འགྲེལ་བ།ཁམས་པའི་ཡུལ་ཕྱོགས་ཀྱི་གནའ་བོའི་གཏམ་དཔེ་སོགས་ཡོད་པ་ཡིན།དེ་ལས་ལེགས་བཤད་ལྗོན་དབང་གི་འགྲེལ་བ་ལ་ས་བཅད་དང་།དཔེར་བརྗོད།ཚིག་འགྲེལ།རྩ་ཚིག་སོགས་གང་གི་ཐད་ནས་ཀྱང་གཞན་དང་མི་འདྲ་བར་ཞིབ་ཚགས་ནན་པོས་དུས་ཡུན་རིང་པོར་བརྒྱུད་དེ་རྩོམ་སྒྲིག་བགྱིས་ནས་དེབ་གཟུགས་སུ་ཕུད་པ་ཡིན་པས་ཕན་འབྲས་ཅུང་ཡོང་བའི་རེ་འདུན་མཆིས་པ་ལགས་སོ།།
用于预训练的单语数据集
公开数据集
མཇུག་མཐར་རང་ལ་ད་ལྟའི་བར་དུ་རྒྱབ་སྐྱོར་དང་བཀའ་དྲིན་བླ་ན་མེད་པ་བཅངས་པའི་བདག་གི་ཕ་མ་གཉིས་དང་།ནང་མི་སྤུན་ཟླ་མིང་སྲིང་བཅས་བཟའ་མི་ཡོངས་དང་།གཞན་ཡང་བདག་ལ་ཤ་ཚ་ཚ་དང་གློ་བ་ཉེ་ཉེ་གནང་མཁན་གྱི་དགེ་རྒན་དང་གཉེན་ཉེ་གྲོགས་པོ་ཡོངས་དང་།ཀློག་པ་པོ་དང་གནས་གང་ཞིག་ནས་རྒྱབ་སྐྱོར་དང་ཐུགས་ཁུར་གནང་མཁན་ཡོངས་ལ་སོར་བཅུ་སྙིང་ཁར་སྦྱར་ནས་བཀའ་དྲིན་བླ་ན་མེད་པ་ཆེ་ཞུ་བ་ཡིན།ཁྱེད་ཚོས་རྒྱབ་སྐྱོར་ཐུགས་ཁུར་གནང་བར་བཀའ་དྲིན་ཆེ་དང་ཡང་ན་ཐུགས་རྗེ་ཆེ་ཞུ་བ་ཡིན།
用于预训练的单语数据集
公开数据集
༄༅།།བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ།དེ་རིང་ནི་སྤྱི་ལོལོའི་ཟླཚེསརེས་གཟའ་ལྷག་པ་ཡིན།དྲ་གནས་ཉར་ཚགས།གཙོ་ངོས་སུ་འགོད་པ།ནང་འཇུག
用于预训练的单语数据集
公开数据集
དྲི་བ།ཨེ་ཛིའི་ནད་ཡམས་དེ་དོན་ངོ་མར་ས་གང་ནས་དུས་ནམ་ཞིག་ལ་བྱུང་བའི་ནད་ཅིག་རེད།དྲི་ལན།སྤྱི་ལོའི་༡༩༨༡ལོའི་ཟླ༦པའི་ཚེས༥ཉིན།ཨ་རིའི་རིམས་འགོག་ཚོད་འཛིན་ལྟེ་གནས་ཀྱིས་ཐོག་དང་པོར་ཨ་རིའི་སྨན་ཁང་ཞིག་ཏུ་ནད་ངོས་མི་ཟིན་པའི་ནད་པ་བཞི་བྱུང་ཞིང་།
用于预训练的单语数据集
公开数据集
ཕྱོགས་སྟོན་་་་གཙོ་ངོས།གཙོ་ངོས།བཅའ་ཁྲིམས་ཤེས་བྱ།དགོན་སྡེའི་མེ་ཟོན་བདེ་འཇགས་ཐད་ངེས་པར་དུ་ཤེས་རྟོགས་ཐུབ་དགོས་པ
用于预训练的单语数据集
公开数据集
༄༅།།བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ།དེ་རིང་ནི་སྤྱི་ལོལོའི་ཟླཚེསརེས་གཟའ་ལྷག་པ་ཡིན།དྲ་གནས་ཉར་ཚགས།གཙོ་ངོས་སུ་འགོད་པ།ནང་འཇུག
用于预训练的单语数据集
公开数据集
གྲྭ་ཤག་ནང་ངོས་ཀྱི་མེ་དང་གློགདེ་བཞིན་མེ་འབར་སླ་བའི་དངོས་ཟོག་དབར་བར་ཐག་རིང་པོ་བཞག་ནས།མེ་སྐྱོན་གནས་ཚུལ་ཐོན་རྒྱུར་སྔོན་འགོག་བྱ་དགོས།
用于预训练的单语数据集
公开数据集
གྲྭ་ཤག་ནང་ངོས་སུ་གློག་ཤུགས་ཆེ་བའི་ཤེལ་གློག་བེད་སྤྱོད་བྱ་མི་རུང་ལ།མེ་འགོག་གི་བྱ་ཐབས་སྤྱད་མེད་པར་རང་འདོད་བཞིན་གློག་སྐུད་གང་བྱུང་དུ་འཐེན་མི་ཆོགཕྱོགས་མཚུངས་གློག་སྐུད་དང་ཐོག་ཡོལ་དབར་མེ་འགོག་གི་བར་ཐག་རིང་པོ་འཇོག་དགོས།
用于预训练的单语数据集
公开数据集
དེས་ན་ཁྱེད་ཀྱིས་འཕྲིན་བརྒྱ་ཕྱག་ལས་ལྷག་པའི་འཕྲིན་བཟང་འདི་ཁྱེད་རང་ཉིད་ཀྱིས་སེམས་ཁུར་ཡོད་པའི་མི་དག་ལ་མཁོ་སྤྲོད་གནང་རོགས་ཞུ།།
用于预训练的单语数据集
公开数据集
གྲྭ་ཤག་ནང་ངོས་སུ་རང་འདོད་བཞིན་གློག་སྐུད་གང་བྱུང་དུ་འཁྲིད་མི་རུང་ལ་གློག་ཤུགས་ཆེ་བའི་གློག་ཆས་སྤྱོད་མི་རུང་།
用于预训练的单语数据集
公开数据集
གྲྭ་ཤག་ནང་ངོས་སུ་སྤྱོད་བཞིན་པའི་སོལ་རླངས་ཐབ་ཆས་དང་མེ་འབར་སླ་བའི་དངོས་ཟོགསོལ་རླངས་བླུག་སྣོད།དེ་བཞིན་ཐབ་ཆས་དབར་མེ་འགོག་གི་བར་ཐག་རིང་པོ་འཇོག་དགོས།
用于预训练的单语数据集
公开数据集
དགོན་སྡེའི་ནང་ངོས་སུ་རང་འདོད་བཞིན་གློག་སྐུད་གང་བྱུང་དུ་འཁྲིད་མི་རུང་ལ་ལྕགས་སྐུད་གཞན་གྱིས་ཉེན་འགོག་ཞ་སྐུད་ཀྱི་ཚབ་བྱ་མི་ཆོག
用于预训练的单语数据集
公开数据集
མེ་སྐྱོན་གནས་ཚུལ་ཐོན་སྐབས་དུས་ཐོག་ཏུ་༡༡༩ལ་ཉེན་བརྡ་གཏོང་དགོས་པ་མ་ཟད་མི་སྣ་སྒྲིག་འཛུགས་བྱས་ནས་མེ་གསོད་རོགས་སྐྱོབ་བྱ་དགོས།
用于预训练的单语数据集
公开数据集
དགོན་སྡེ་གཟིམ་སྒོ་ཕྱེ་རིང་།མེ་ཟོན་བདེ་འཇགས་བགྲོད་ལམ་ཤར་གཏོང་ཐུབ་པ་བྱ་དགོས་པ་ལས།བདེ་འཇགས་འགྲོ་ལམ་བཀག་པ་དང་བཟུང་སྤྱོད་བྱ་མི་ཆོག
用于预训练的单语数据集
公开数据集
དགོན་སྡེའི་མེ་ཟོན་བདེ་འཇགས་ལས་དོན་དེ་དགོན་སྡེས་འགན་གཙོ་བོ་འཁུར་དགོས་པ་དང་།སྤྱི་བདེ་མེ་ཟོན་ཚན་པས་ལྟ་སྐུལ་ཞིབ་བཤེར་བྱ་དགོས།
用于预训练的单语数据集
公开数据集
དེ་ཡང་གནམ་ལོ་གསར་བའི་ནང་དུ་སྤྱིར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པ་དང་།རིས་སུ་མ་ཆད་པའི་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་རྣམས་ཀྱི་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་པ།རིས་མེད་ཀྱི་དགེ་འདུན་གྱི་སྡེ་ཆེ་ཆུང་དུ་མའི་བཤད་སྒྲུབ་འཁོར་ལོ་གསུམ་གྱི་བྱ་བ་རྣམས་མི་ཉམས་གོང་དུ་འཕེལ་བ།ནམ་མཁའ་དང་མཉམ་པའི་སེམས་ཅན་སྤྱི་དང་དམིགས་བསལ་བསྟན་པ་རིན་པོ་ཆེ་ལ་གུས་འདུད་ལྷུར་ལེན་བགྱིད་པའི་བསྟན་པའི་སྦྱིན་བདག་རྣམས་ཀྱི་རྐྱེན་ངན་བར་ཆད་ཐམས་ཅད་ཉེ་བར་ཞི་ཞིང་མཐུན་རྐྱེན་ཆོས་དང་འབྱོར་བ་ཕུན་སུམ་ཚོགས་པ་ལ་ལོངས་སུ་སྤྱོད་པ་སོགས་ཀྱི་ཆེད་དུ་དམིགས་ཏེ་རྭ་རྒྱ་དགོན་དགའ་ལྡན་བཀྲ་ཤིས་འབྱུང་གནས་ཀྱིས་ལོ་རེ་བཞིན་འཆར་ཅན་གྱི་བོད་ལོའི་དགུ་གཏོར་ཆེན་མོ་ཚུགས་བཞིན་ཡོད་པ་སྟེ།དཔལ་ལྡན་རྒྱུད་པ་གྲྭ་ཚང་ནས་འཇམ་མགོན་ཆོས་ཀྱི་རྒྱལ་བོ་ཙོང་ཁ་བ་ཆེན་མོའི་མན་ངག་རྣམ་གསུམ་དུ་གྲགས་པའི་ནང་ཚན་འཕྲུལ་འཁོར་ལ་བརྟེན་པའི་ཟློག་ཆེན་སྟེ།འཇིག་བྱེད་ལྷ་བཅུ་གསུམ་མའི་སྒོ་ནས་ལྕགས་མཁར་ཟུར་བཅུ་དྲུག་པའི་སྦྱོར་དངོས་མཇུག་གསུམ་ཡོངས་སུ་ཚང་བའི་གཏོར་ཆེན་དང་།ཡང་ཡི་དམ་དེ་ཡི་སྒོ་ནས་དྲག་པོའི་སྦྱིན་སྲེག་རྒྱས་པ་གཏོང་།
用于预训练的单语数据集
公开数据集
དཔལ་དུས་ཀྱི་འཁོར་ལོའི་གྲྭ་ཚང་ནས་ཡི་དམ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་མའི་སྒོ་ནས་མགོན་ཆོས་ལྔའི་བསྐང་གསོལ་རྒྱས་པ་དང་སྦྲགས་པའི་བཅོམ་ལྡན་འདས་མ་གདུགས་དཀར་བོ་ཅན་གྱི་ཟློག་ཆེན་རྒྱས་པ་འཕེན།སྨན་པ་གྲྭ་ཚང་ནས་ཡི་དམ་རྡོ་རྗེ་འཇིགས་བྱེད་བཅུ་གསུམ་མ་ལ་བརྟེན་པའི་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་གཏོར་ཆེན་རྒྱས་པ་གཏོང་།ཞབས་བརྟན་གྲྭ་ཚང་ནས་བཅོམ་ལྡན་འདས་པདྨ་དབང་ཆེན་ཡང་གསང་ཁྲོས་པའི་ལྷ་ཚོགས་ལ་བརྟེན་པའི་ཟློག་ཆེན་དང་།ཚོགས་ཟློགཆོས་སྐྱོང་དྲེག་པ་ལྕམ་སྲིང་གི་གཏོར་ཟློག་སོགས་དང་འབྲེལ་མནན་སྲེག་འཕངས་གསུམ་ཆ་ལག་དང་བཅས་པ་ཡོངས་སུ་རྫོགས་པ་བྱེད།རྨ་གཉན་ཧེད་པོ་ཁྱུང་མགོན་ཡར་སེང་བྱ་རོག་གདོང་གི་གསོལ་མཆོད་ཁང་ནས་ཁ་འབར་མའི་མདོས་ཆེན་འཕེན།འདི་དག་གི་སྐབས་སུ་ཚོགས་ཆེན་ཐོས་བསམ་གླིང་བ་ནས་གཏོར་ཆེན་སོ་སོའི་རྒྱབ་ཆོས་སུ་ཤེས་རབ་སྙིང་བོའི་མདོ་འབུམ་ཐེར་སྒྲོགས་འདོན་བྱེད།གཏོར་ཆེན་གྱི་འཚོགས་ཡུན་ཉིན་བདུན་སོགས་སྦྱིན་བདག་སོ་སོའི་ཉིན་སྐྱོང་གི་གྲངས་ལྟར་ལ།ཉིན་རེའི་འཚོགས་ཡུན་ནི།སྔ་མོའི་ཆུ་ཚོད་བཞི་ཡས་མས་ནས་དགུང་མོའི་ཆུ་ཚོད་བདུན་ཡས་མས་ཀྱི་བར་རྒྱུན་ཆགས་སུ་འཚོགས་པ་རེད།ཚེས་ཉེར་དགུ་ཉིན་བླ་མ་དང་སློབ་དཔོན་གྱིས་གཏོར་ལམ་སོགས་ལ་གསལ་བོར་བལྟ་ཞིང་ཞབས་བརྟན་གྲྭ་ཚང་གིས་ལམ་སེལ་གྱི་རིམ་པ་སྔོན་ཏུ་གཏོང་།ཁྱད་པར་སྒྲ་གཅན་འཁོར་ལོའི་སྟེང་ནས་གཏོར་མ་འཕེན་པའི་ཕྱོགས་དང་དུས་ཚོད་གཏན་འཁེལ་བ་ལྟར་བླ་མ་རྒྱུད་པ་བས་ལིང་ག་བཞུ་ཞིང་ཚོགས་སོ་སོ་གཏོར་རྒྱག་ལ་ལྷན་དུ་ཕེབས་ནས་གཏོར་མ་བརྡེག་པ་དང་དེ་རྗེས་བསྲུང་བའི་འཁོར་ལོའི་གུར་ཁང་སྒོམ་ཞིང་མངའ་གསོལ་སོགས་ཀྱིས་མཐའ་བརྒྱན་པར་བྱེད།ཚེས་ཉེར་དགུའི་དགུང་མོ་ཡི་དམ་ཁང་ནས་བག་ཙེ་གཏོར་རྒྱག་བྱེད།ཚེས་སུམ་ཅུ་ཉིན་རྒྱུད་པ་གྲྭ་ཚང་དང་ཞབས་བརྟན་གྲྭ་ཚང་གིས་དྲག་པོའི་སྦྱིན་སྲེག་བྱེད་པ་རེད།དེ་ལྟར་ན་གྲྭ་ཚང་ཆེན་པོ་མང་བོ་ལྷན་རྒྱས་ཀྱིས་དུས་གཅིག་ཏུ་ཞབས་བརྟན་སྐུ་རིམ་སྟོབས་ལྡན་འདི་འདྲ་སྒྲུབ་པ་དེང་དུས་ཧ་ཅང་ཉུང་བའི་ཚོད་དུ་འདུགདེས་ན་རྨ་ཉིན་སྲིབ་ཀྱི་དད་ལྡན་ཡོངས་ཀྱིས་རང་གི་མེ་ཏོག་ཕོག་པའི་ལྷ་སྐལ་དུ་གྱུར་བའི་ཆོས་སྡེ་ཆེན་པོ་འདི་ཉིད་ཀྱིས་ཁྱེད་རང་སོ་སོའི་ཚེ་འདི་ཕྱི་ཀུན་ཏུ་དགེ་བའི་ཆོས་ཟབ་མོ་འདི་འདྲ་བསྒྲུབས་དང་སྒྲུབ་པ་ལ་བཀའ་དྲིན་བསམ་ཤེས་དང་ཡིད་ཆེས་དད་མོས་ཀྱིས་རང་རང་གི་ཆ་རྐྱེན་དང་བསྟུན་པའི་འབྲེལ་ཆེ་ཆུང་འཇོག་པ་དང་།གཏོར་ཆེན་སྐབས་ཕྱག་སྐོར་དང་གཏོར་རྒྱག་སྐབས་གཏོར་འོག་ལ་འཛུད་པ་སོགས་བྱས་ན།རྐྱེན་ངན་བར་ཆད་སྣ་ཚོགས་ཕྱིར་ཟློག་པ་ལ་ཐེ་ཚོམ་མེད་དོ།།
用于预训练的单语数据集
公开数据集
སྤྱིར་མི་མང་ཆེ་བར་སྐྱེ་བ་སྔ་མ་མང་བོའི་རིང་ལ་བསགས་པའི་ལས་ངན་སྡིག་སྒྲིབ་དམ་ཚིག་ཉམས་ཆགས་གྲངས་ཀྱིས་མི་ཟིན་པ་ཞིག་མཆིས་ལ།དེ་དག་གིས་བསྐྱེད་པའི་ལུས་ཀྱི་ན་ཚ་སེམས་ཀྱི་སྡུག་བསྔལ་ཚེ་ཡི་བར་ཆད་རྒྱུ་ཡི་གོད་ཁ་སོགས་སོགས་ཕྱི་ནང་གི་རྐྱེན་ངན་བར་ཆད་ཀྱང་གྲངས་ཀྱིས་མི་ཟིན་པ་ཞིག་མཆིས་པ་ནི།དཔེར་ན།ཐར་དཀའ་བའི་འགག་སྒོ་བཙན་པོ་དུ་མ་ཕྲེང་ལྟར་བསྒྲིག་ཡོད་པ་ལྟ་བུ་ཞིག་དང་མཚུངས།འོན་ཀྱང་དེ་དག་ལས་མང་བོ་ཞིག་སངས་རྒྱས་ཀྱི་བསྟན་པའི་བྱིན་རླབས་དང་།བླ་མ་དཀོན་མཆོག་དང་དགེ་འདུན་གྱི་སྡེ།ཡི་དམ་ཆོས་སྐྱོང་གི་ཐུགས་རྗེ་དང་འཕྲིན་ལས་བཅས་ལ་བརྟེན་ནས་རང་ཞིར་འགྲོ་བཞིན་ཡོད་ཀྱང་སོ་སོས་མིག་གིས་ཐད་ཀར་མཐོང་མ་མཐོང་བ་ཙམ་རེད།ཡིན་ཡང་།སྐྱེ་བ་སྔོན་མ་ལས་ངན་པ་ཚབས་ཆེན་བསགས་ཡོད་པ་དང་།ཚེ་འདིར་ཡང་མཐོང་ཆོས་ལ་མྱོང་འགྱུར་གྱི་ལས་སྟོབས་ལྡན་བྱས་པ།རང་གི་སེམས་ནས་བླ་མ་དཀོན་མཆོག་ལ་དད་པ་དང་མོས་གུས་ཆུང་བས་ཡིད་ཆེས་དང་བློ་གཏད་ཟབ་མོ་བཅོལ་མ་ཐུབ་པ་ལྟ་བུ་སོགས་དྲང་ལྡོག་གི་རྒྱུ་རྐྱེན་བཙན་པོ་མང་དུ་ཚོགས་ཡོད་པའི་མི་ཉུང་ཤས་ཞིག་གི་བར་ཆད་བཟློག་མ་ཐུབ་པ་ལྟ་བུ་སྣང་ལ།དེ་དག་ནི་བླ་མ་དཀོན་མཆོག་དང་དགོན་པ་གྲྭ་ཚང་ལ་བྱིན་རླབས་དང་ནུས་མཐུ་མེད་པ་མ་ཡིན་པར་རང་རང་གི་ལས་ངན་པའི་རྒྱུ་ཚོགས་གྲངས་ཚང་ཟིན་པས་ན་འབྲས་བུ་མི་སྨིན་ཐབས་མེད་ཡིན་ཏེ།མ་ཚང་མེད་རྒྱུ་དེ་ལ་ནི།།འབྲས་བུ་གང་གིས་ཟློག་པར་འགྱུར།།ཞེས་གསུངས་པ་ལྟར་རོ།།
用于预训练的单语数据集
公开数据集
དཔེར་ན།དེང་སང་འཛམ་གླིང་སྟེང་ཚན་རིག་ལག་རྩལ་དར་དེ་མིའི་དོན་ལྔ་སྣོད་དྲུག་སོགས་ཀྱང་གསར་ཏུ་བརྗེས་ཏེ་སྨན་བཅོས་ཀྱིས་མི་སྲོག་སྐྱོབ་ཐུབ་པ་འདུག་ཀྱང་དམིགས་བསལ་ནད་པ་ཁ་ཤས་སྐྱོབ་མི་ཐུབ་པ་དེ་ནི་ནད་པ་དེ་དག་གིས་ནི་རང་རང་སོ་སོའི་ནད་དེ་རང་གིས་རྒྱ་ཡན་དུ་བཏང་བའམ་དོ་སྣང་མ་བྱས་པར་སུས་ཀྱང་བཟློག་ཐབས་མེད་པའི་ཚད་ལ་ཐོན་དུ་བཅུག་ཟིན་པ་ལས་འཛམ་གླིང་གསོ་རིག་གི་ལག་རྩལ་ཞན་སོང་བ་མ་ཡིན་པ་དེ་ལྟ་བུ་རེད།དེས་ན་མི་སོ་སོས་རང་གི་བསམ་པ་རྣམ་པར་དག་པའི་དད་མོས་ཀྱིས་ལོང་ན་གོང་དུ་བཤད་པའི་དམིགས་བསལ་ཅན་ཆེས་ཉུང་ཤས་ཞིག་ལས་སོ་སོའི་རྐྱེན་ངན་བར་ཆད་ཀྱི་བརྒྱ་ཆའི་མང་ཆེ་བ་སེལ་ཐུབ་པར་ཐེ་ཚོམ་མེད།ད་དུང་ཕྱིའི་རྐྱེན་ངན་བར་ཆད་བཟློག་པ་ཙམ་མ་ཡིན་པར་དེ་དག་གི་ཉེ་རྒྱུ་དང་རིང་རྒྱུར་གྱུར་བའི་སེམས་རྒྱུད་ཀྱི་ཉོན་མོངས་དུག་གསུམ་སྡིག་སྒྲིབ་བག་ཆགས་ངན་པ་ཐམས་ཅད་ཀྱང་སྤྲོས་བྲལ་ཆོས་ཀྱི་དབྱིངས་སུ་ཉེ་བར་ཞི་བར་བྱེད་པའི་ཕན་ཡོན་དང་དགོས་པ་དཔག་ཏུ་མེད་པ་ཡོད།གཞན་ཡང་།ལྕགས་མཁར་ཆེན་མོ་ཐུན་རེ་བྱས་ན་ཡ་མ་ར་ཛཱ་དུང་ཕྱུར་བཏོན་པའི་ཕན་ཡོན་འབྱུང་ཞེས་བླ་མ་རྒྱུད་པའི་ངག་སྒྲོས་དང་དམ་པ་གོང་མ་དུ་མའི་གསུང་རྒྱུན་ལ་ཡོད་པ་ལྟ་བུའི་མཚོན་དེ་དང་དེ་མཚུངས་ཀྱི་ཕན་ཡོན་དང་ནུས་པ་ཡང་མང་དུ་ཡོད་ཀྱང་རྒྱས་པར་མ་སྤྲོས་སོ།།
用于预训练的单语数据集
公开数据集
འོད་དཀར་དྲ་ཚིགས་ནི་ཕྱི་ལོ་༢༠༠༨ལོར་འཚར་ལོངས་བྱུང་ཞིང་།ད་བར་བོད་སྐད་ཡིག་གི་ལས་དབང་ལྕི་མོ་འདིའི་ཆེད་དུ་ངེད་ཚོ་ཁྱེད་ཀྱི་མིག་མདུན་ནས་ཤི་གསོན་དང་དགྱེ་སྒུར་གང་མང་ཞིག་བྱེད་དགོས་བྱུང་སོང་མོད།འོན་ཀྱང་བོད་སྐད་ཡིག་གི་མཁའ་དབུགས་དབེན་པའི་གནས་འདི་ནས་ད་དུང་མུ་མཐུད་ནས་རང་དང་འདྲ་བའི་ཀློག་མཁན་ཁྱེད་ཚོ་དང་མཉམ་དུ་མི་རིགས་འདིའི་སྐད་ཡིག་གི་ཆགས་འཇིག་ལ་བསམ་གཞིགས་བྱེད་འདོད་ཤིན་ཏུ་ཆེ།
用于预训练的单语数据集
公开数据集
སྡེ་ཚན།གཞས་ཚིགགསར་འགྱུར།བོད།རྒྱ་ནགརྒྱལ་སྤྱི།གསལ་སྒྲགས།ངེད་ཀྱི་སྐོར།དྲ་བདགརྩོམ་པ་པོ་རྒན་པ།རྩོམ་པ་པོའི་དཔུང་སྡེ།ངེད།དཔེ་དེབ།གསུངས་འབུམ།བཀའ་རྒྱུད་པ།འབྲོག་རི་བོ་དགའ་ལྡན་པ།རྙིང་མ་པ།ས་སྐྱ་པ།ཆོས་འབྱུང་དེབ།དེང་རབས་དཔེ་དེབ།བཀའ་བསྟན།བཀའ་འགྱུར།བསྟན་འགྱུར།བསྒྱུར་དེབ།བྱིས་དེབ།མཁས་པའི་གསུང་དེབ།རིག་གནས།ལོ་རྒྱུས་དེབ།ཤེས་བྱ་ནང་འདྲེན་དེབ།དྲ་བརྙན།ནང་ཆོས།ཕབ་ལེན།བཀའ་སློབ།བཅར་འདྲི།བྱིས་པའི་ཤེས་བྱ།མི་སྣ།ད་ལྟའི་མི་སྣ།སྔོན་བྱོན།ཚན་རིགརྩོམ་པ་པོའི་དཔུང་སྡེ།རྩོམ་ཡིགདཔྱད་རྩོམ།འཕྲོད་བསྟེན།འབོལ་རྩོམ།རྒྱུན་ཤེས།སྒྲུང་རྩོམ།སྙན་ངགལོ་རྒྱུས།སྒྱུར་རྩོམ།དབྱིན་བསྒྱུར།རྒྱ་བསྒྱུར།སྣ་ཚོགས།
用于预训练的单语数据集
公开数据集
ལྡོང་བུ།༡༩༨༥ལོར་མདོ་སྨད་འབའ་རྫོང་དུ་སྐྱེས།༢༠༠༣ལོར་རྒྱའི་དབུས་གཞུང་མི་རིགས་སློབ་ཆེན་འགྲིམ་ཞིང་ད་ལྟ་སློབ་གྲྭ་དེ་གར་བསླབ་པ་དོན་དུ་གཉེར་བཞིན་གནས།བརྩམས་ཆོས་ལ།སྙན་དེབ༼སྨྱོན་པའི་དུས་ཚིགས༽དང༼གཤིན་པོའི་རོལ་དབྱངས༽འགྱུར་མའི་དེབ༼གཤོག་པ་ནག་པོ༽སྙན་ངག་ལྷུག་མའི་དེབ་༼ཟླ་བའི་རྨི་ལམ༽བཅས་ཡོད།
用于预训练的单语数据集
公开数据集
ལན།ག་ལེར་བསམ་ན།ཨེམ་ལིས་ནང་བཞིན་སྙན་ངག་ནི་བླ་སྲོག་ལ་རང་ཉིད་དང་ལེན་ཞུ་བའི།བརྡ་དང་ཚིག་གི་རྣམ་པ་ཞིག་ཏུ་ངོས་གཟུང་ཆོག་ལ།འགས་གཏོར་དང་རྨས་སྐྱོན་གྱིས་གང་བར་མཛད་པའི་རྣམ་ཤེས་ཀྱི་གད་རྒྱངས་དང་ངུ་འབོད་དུའང་ངེས།དེ་མིན།ཉི་ཤར་ཙམ་དང་ཆར་རྒྱུན་ཐེངས་ཤིག་ཀྱང་ཚིག་གི་སྲད་བུར་བརྒྱུས་ན།ཁྱད་དུ་འཕགས་ལ་ཆེས་སྤྱིར་བཏང་བའི་མིའི་འཚོ་གནས་ཀྱི་ཁམས་ཤིག་ལ་སོན་ཐུབ་བོ།།
用于预训练的单语数据集
公开数据集
འོད་དཀར་དྲ་ཚིགས་ནི་ཕྱི་ལོ་༢༠༠༨ལོར་འཚར་ལོངས་བྱུང་ཞིང་།ད་བར་བོད་སྐད་ཡིག་གི་ལས་དབང་ལྕི་མོ་འདིའི་ཆེད་དུ་ངེད་ཚོ་ཁྱེད་ཀྱི་མིག་མདུན་ནས་ཤི་གསོན་དང་དགྱེ་སྒུར་གང་མང་ཞིག་བྱེད་དགོས་བྱུང་སོང་མོད།འོན་ཀྱང་བོད་སྐད་ཡིག་གི་མཁའ་དབུགས་དབེན་པའི་གནས་འདི་ནས་ད་དུང་མུ་མཐུད་ནས་རང་དང་འདྲ་བའི་ཀློག་མཁན་ཁྱེད་ཚོ་དང་མཉམ་དུ་མི་རིགས་འདིའི་སྐད་ཡིག་གི་ཆགས་འཇིག་ལ་བསམ་གཞིགས་བྱེད་འདོད་ཤིན་ཏུ་ཆེ།
用于预训练的单语数据集
公开数据集
སྡེ་ཚན།གཞས་ཚིགགསར་འགྱུར།བོད།རྒྱ་ནགརྒྱལ་སྤྱི།གསལ་སྒྲགས།ངེད་ཀྱི་སྐོར།དྲ་བདགརྩོམ་པ་པོ་རྒན་པ།རྩོམ་པ་པོའི་དཔུང་སྡེ།ངེད།དཔེ་དེབ།གསུངས་འབུམ།བཀའ་རྒྱུད་པ།འབྲོག་རི་བོ་དགའ་ལྡན་པ།རྙིང་མ་པ།ས་སྐྱ་པ།ཆོས་འབྱུང་དེབ།དེང་རབས་དཔེ་དེབ།བཀའ་བསྟན།བཀའ་འགྱུར།བསྟན་འགྱུར།བསྒྱུར་དེབ།བྱིས་དེབ།མཁས་པའི་གསུང་དེབ།རིག་གནས།ལོ་རྒྱུས་དེབ།ཤེས་བྱ་ནང་འདྲེན་དེབ།དྲ་བརྙན།ནང་ཆོས།ཕབ་ལེན།བཀའ་སློབ།བཅར་འདྲི།བྱིས་པའི་ཤེས་བྱ།མི་སྣ།ད་ལྟའི་མི་སྣ།སྔོན་བྱོན།ཚན་རིགརྩོམ་པ་པོའི་དཔུང་སྡེ།རྩོམ་ཡིགདཔྱད་རྩོམ།འཕྲོད་བསྟེན།འབོལ་རྩོམ།རྒྱུན་ཤེས།སྒྲུང་རྩོམ།སྙན་ངགལོ་རྒྱུས།སྒྱུར་རྩོམ།དབྱིན་བསྒྱུར།རྒྱ་བསྒྱུར།སྣ་ཚོགས།
用于预训练的单语数据集
公开数据集
ལན།རྒྱ་འགྱུར་མ་དག་ལས་གཅིག་ལ་གཞི་བཅས།འགའ་ལ་དཔྱད་པའི་ཐབས་ཀྱིས།འཛམ་གླིང་ལ་གྲགས་པའི་སྙན་ངག་མཁན་པོ།ཨེལ་ཐུའི་སྙན་ངག་རིང་མོ༼མྱ་ངམ་ཐང༽བོད་དུ་བསྒྱུར་ཚར་མོད།བརྩམས་ཆོས་ཉིད་ཀྱི་འགྲེལ་དོན་དང་ལུང་ཁུངས་མང་པོ་ཞིག་གི་དབང་དང་།ས་མིང་མི་མིང་དག་ཀྱང་ཐད་ཀར་མ་ཡིག་ལས་བསྒྱུར་ན་འོས་པར་བསམ་པས།ད་དུང་ཡང་ལེགས་པར་གྲུབ་མེད།གཞན་དུ་དེ་བསྒྱུར་སྐབས་ཀྱི་ཚོར་བ་ཁོ་ན་ནི།ལོ་ཙྰ་ནི་གསར་རྩོམ་ལས་ཀྱང་འདེགས་པར་དཀའ་བའི་ལས་ཀ་ལྗིད་ཏིག་གེ་བ་ཞིག་ཡིན་པ་དེའོ།།
用于预训练的单语数据集
公开数据集
དྲི་བ།ཉེ་བའི་ཆར་ཁྱེད་ཀྱི་བསྒྱུར་རྩོམ་སྙན་ངག་རིང་མོ་ཞིག་ཐོན་ལ་ཉེ།དེ་བསྒྱུར་སྐབས་ཀྱི་ཚོར་སྣང་ཞིག་གསུང་རོགས།
用于预训练的单语数据集
公开数据集
ལན།ཁོ་བོར་མཚོན་ན།རང་རེའི་དམངས་ཁྲོད་ཀྱི་རྩོམ་རིག་དང་སྨྲ་བརྗོད་ལ་རྒྱུས་མེད་པ་ནི་དཀའ་ངལ་ཆེ་ཤོས་སུ་འདུགདེ་ནི་བོད་ཡིག་གི་མ་འདང་བ་ག་ལ་ཡིན་གྱི།འུ་བུ་ཅག་བོད་ཀྱི་སྐད་དང་བརྡ་ལ་ཆ་མེད་པས་ལན་ནོ།།
用于预训练的单语数据集
公开数据集
དྲི་བ།ཡིག་བསྒྱུར་བྱེད་པ་ལ་དཀའ་ངལ་ཆེ་ཤོས་གང་རེད་འདུགབོད་ཡིག་གིས་མ་འདངས་བའི་དཀའ་ངལ་དེ་འདྲ་བྱུང་སོང་ངམ།
用于预训练的单语数据集
公开数据集
འོད་དཀར་དྲ་ཚིགས་ནི་ཕྱི་ལོ་༢༠༠༨ལོར་འཚར་ལོངས་བྱུང་ཞིང་།ད་བར་བོད་སྐད་ཡིག་གི་ལས་དབང་ལྕི་མོ་འདིའི་ཆེད་དུ་ངེད་ཚོ་ཁྱེད་ཀྱི་མིག་མདུན་ནས་ཤི་གསོན་དང་དགྱེ་སྒུར་གང་མང་ཞིག་བྱེད་དགོས་བྱུང་སོང་མོད།འོན་ཀྱང་བོད་སྐད་ཡིག་གི་མཁའ་དབུགས་དབེན་པའི་གནས་འདི་ནས་ད་དུང་མུ་མཐུད་ནས་རང་དང་འདྲ་བའི་ཀློག་མཁན་ཁྱེད་ཚོ་དང་མཉམ་དུ་མི་རིགས་འདིའི་སྐད་ཡིག་གི་ཆགས་འཇིག་ལ་བསམ་གཞིགས་བྱེད་འདོད་ཤིན་ཏུ་ཆེ།
用于预训练的单语数据集
公开数据集
སྡེ་ཚན།གཞས་ཚིགགསར་འགྱུར།བོད།རྒྱ་ནགརྒྱལ་སྤྱི།གསལ་སྒྲགས།ངེད་ཀྱི་སྐོར།དྲ་བདགརྩོམ་པ་པོ་རྒན་པ།རྩོམ་པ་པོའི་དཔུང་སྡེ།ངེད།དཔེ་དེབ།གསུངས་འབུམ།བཀའ་རྒྱུད་པ།འབྲོག་རི་བོ་དགའ་ལྡན་པ།རྙིང་མ་པ།ས་སྐྱ་པ།ཆོས་འབྱུང་དེབ།དེང་རབས་དཔེ་དེབ།བཀའ་བསྟན།བཀའ་འགྱུར།བསྟན་འགྱུར།བསྒྱུར་དེབ།བྱིས་དེབ།མཁས་པའི་གསུང་དེབ།རིག་གནས།ལོ་རྒྱུས་དེབ།ཤེས་བྱ་ནང་འདྲེན་དེབ།དྲ་བརྙན།ནང་ཆོས།ཕབ་ལེན།བཀའ་སློབ།བཅར་འདྲི།བྱིས་པའི་ཤེས་བྱ།མི་སྣ།ད་ལྟའི་མི་སྣ།སྔོན་བྱོན།ཚན་རིགརྩོམ་པ་པོའི་དཔུང་སྡེ།རྩོམ་ཡིགདཔྱད་རྩོམ།འཕྲོད་བསྟེན།འབོལ་རྩོམ།རྒྱུན་ཤེས།སྒྲུང་རྩོམ།སྙན་ངགལོ་རྒྱུས།སྒྱུར་རྩོམ།དབྱིན་བསྒྱུར།རྒྱ་བསྒྱུར།སྣ་ཚོགས།
用于预训练的单语数据集
公开数据集
འོད་དཀར་དྲ་ཚིགས་ནི་ཕྱི་ལོ་༢༠༠༨ལོར་འཚར་ལོངས་བྱུང་ཞིང་།ད་བར་བོད་སྐད་ཡིག་གི་ལས་དབང་ལྕི་མོ་འདིའི་ཆེད་དུ་ངེད་ཚོ་ཁྱེད་ཀྱི་མིག་མདུན་ནས་ཤི་གསོན་དང་དགྱེ་སྒུར་གང་མང་ཞིག་བྱེད་དགོས་བྱུང་སོང་མོད།འོན་ཀྱང་བོད་སྐད་ཡིག་གི་མཁའ་དབུགས་དབེན་པའི་གནས་འདི་ནས་ད་དུང་མུ་མཐུད་ནས་རང་དང་འདྲ་བའི་ཀློག་མཁན་ཁྱེད་ཚོ་དང་མཉམ་དུ་མི་རིགས་འདིའི་སྐད་ཡིག་གི་ཆགས་འཇིག་ལ་བསམ་གཞིགས་བྱེད་འདོད་ཤིན་ཏུ་ཆེ།
用于预训练的单语数据集
公开数据集
སྡེ་ཚན།གཞས་ཚིགགསར་འགྱུར།བོད།རྒྱ་ནགརྒྱལ་སྤྱི།གསལ་སྒྲགས།ངེད་ཀྱི་སྐོར།དྲ་བདགརྩོམ་པ་པོ་རྒན་པ།རྩོམ་པ་པོའི་དཔུང་སྡེ།ངེད།དཔེ་དེབ།གསུངས་འབུམ།བཀའ་རྒྱུད་པ།འབྲོག་རི་བོ་དགའ་ལྡན་པ།རྙིང་མ་པ།ས་སྐྱ་པ།ཆོས་འབྱུང་དེབ།དེང་རབས་དཔེ་དེབ།བཀའ་བསྟན།བཀའ་འགྱུར།བསྟན་འགྱུར།བསྒྱུར་དེབ།བྱིས་དེབ།མཁས་པའི་གསུང་དེབ།རིག་གནས།ལོ་རྒྱུས་དེབ།ཤེས་བྱ་ནང་འདྲེན་དེབ།དྲ་བརྙན།ནང་ཆོས།ཕབ་ལེན།བཀའ་སློབ།བཅར་འདྲི།བྱིས་པའི་ཤེས་བྱ།མི་སྣ།ད་ལྟའི་མི་སྣ།སྔོན་བྱོན།ཚན་རིགརྩོམ་པ་པོའི་དཔུང་སྡེ།རྩོམ་ཡིགདཔྱད་རྩོམ།འཕྲོད་བསྟེན།འབོལ་རྩོམ།རྒྱུན་ཤེས།སྒྲུང་རྩོམ།སྙན་ངགལོ་རྒྱུས།སྒྱུར་རྩོམ།དབྱིན་བསྒྱུར།རྒྱ་བསྒྱུར།སྣ་ཚོགས།
用于预训练的单语数据集
公开数据集
སྡེ་ཚན།གཞས་ཚིགགསར་འགྱུར།བོད།རྒྱ་ནགརྒྱལ་སྤྱི།གསལ་སྒྲགས།ངེད་ཀྱི་སྐོར།དྲ་བདགརྩོམ་པ་པོ་རྒན་པ།རྩོམ་པ་པོའི་དཔུང་སྡེ།ངེད།དཔེ་དེབ།གསུངས་འབུམ།བཀའ་རྒྱུད་པ།འབྲོག་རི་བོ་དགའ་ལྡན་པ།རྙིང་མ་པ།ས་སྐྱ་པ།ཆོས་འབྱུང་དེབ།དེང་རབས་དཔེ་དེབ།བཀའ་བསྟན།བཀའ་འགྱུར།བསྟན་འགྱུར།བསྒྱུར་དེབ།བྱིས་དེབ།མཁས་པའི་གསུང་དེབ།རིག་གནས།ལོ་རྒྱུས་དེབ།ཤེས་བྱ་ནང་འདྲེན་དེབ།དྲ་བརྙན།ནང་ཆོས།ཕབ་ལེན།བཀའ་སློབ།བཅར་འདྲི།བྱིས་པའི་ཤེས་བྱ།མི་སྣ།ད་ལྟའི་མི་སྣ།སྔོན་བྱོན།ཚན་རིགརྩོམ་པ་པོའི་དཔུང་སྡེ།རྩོམ་ཡིགདཔྱད་རྩོམ།འཕྲོད་བསྟེན།འབོལ་རྩོམ།རྒྱུན་ཤེས།སྒྲུང་རྩོམ།སྙན་ངགལོ་རྒྱུས།སྒྱུར་རྩོམ།དབྱིན་བསྒྱུར།རྒྱ་བསྒྱུར།སྣ་ཚོགས།
用于预训练的单语数据集
公开数据集
ཕྱི་ཟླ༩ཚེས༣ཉིན།རྒྱ་ནག་གི་ཞུ་གཏུག་མཁན་མཱ་ཡོན་ཐེན་དང་སོན་ཡོན་ཕེང་གིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེང་གིས་གདུག་རྩུབ་ཆེ་བའི་མནར་གཅོད་ཡ་ང་བ་གཏོང་བའི་ཁྲིམས་ཆད་རྩ་འཛུགས་བྱས་ཚུལ་ཁྲིམས་ལ་གཏུག་ཡོད་པ་དང་།ཨ་རིའི་གྲོང་ཁྱེར་ནིའུ་ཡོག་གི་ལྷོ་ཁུལ་ཁྲིམས་ཁང་གིས་གྱོད་དོན་དེ་དང་ལེན་ཐོ་འགོད་བྱས་འདུག
用于预训练的单语数据集
公开数据集
དེ་ཡང་པོའོ་ཞོན་དྲྭ་རྒྱའི་གནས་ཚུལ་ལྟར་ན།ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ལྷོ་ཁུལ་ཁྲིམས་ཁང་གིས་རྒྱ་ནག་གི་སྲིད་འཛིན་ཁྲིམས་གཏུག་གི་གྱོད་དོན་དེ་ཐོ་འགོད་བྱས་པའི་རྗེས་སུ།ཞུ་གཏུག་མཁན་མཱ་ཡོན་ཐེན་གྱིས་པོའོ་ཞོན་གསར་ལས་ཁང་གི་གསར་འགོད་པར།ཁྲིམས་ཁང་གིས་གྱོད་དོན་དང་ལེན་དང་ཐོ་འགོད་བྱས་སོང་ཞེས་བཤད་པ་དང་ཆབས་ཅིགཁོང་མོར་རྒྱ་ནག་ནང་དུ་འཕྲད་པའི་དཀའ་ངལ་སྐོར་བཤད་རྒྱུར།ཁོང་མོའི་བཟོ་གྲྭ་རྒྱ་ནག་གཞུང་གི་བཙན་དབང་གི་གཏོར་རྗེས།ཁོང་མོས་ཁྲིམས་ལུགས་ལྟར་རྒྱ་ནག་ཁྲང་ཁྲོན་གྲོང་ཁྱེར་མི་དམངས་འབྲིང་རིམ་ཁྲིམས་ཁང་ལ་ཁྲིམས་གཏུག་བྱས་ཏེ་རྒྱལ་ཁ་ཐོབ།འོན་ཀྱང་།དེའི་རྗེས་ཀྱི་ལོ༡༠འི་རིང་ཁོང་མོའི་བཟོ་གྲྭ་བཙན་དབང་གིས་གཏོར་བའི་གྱོད་དོན་དེ་ཐག་གཅོད་བྱས་མེད་སྟབས།ཁོང་མོས་བདེན་པ་དང་འདྲ་མཉམ་འཚོལ་ཆེད་ཞིང་ཆེན་དང་པེ་ཅིང་དུ་ལོ༡༣རིང་ཞུ་གཏུག་བྱས་ཤིང་།དེ་མིན་ཁོང་མོས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱ་ནག་གི་གཞུང་ཚབ་སོགས་སུ་ལོ་གཉིས་རིང་ངོ་རྒོལ་བྱས་པ་ཡིན།ད་ཐེངས་ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་ཁྲིམས་ཁང་ལ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེང་ཁྲིམས་གཏུག་བྱེད་དོན་ནི།རྒྱ་ནག་གཞུང་ལ་ཡང་བསྐྱར་ཉེན་བརྡ་ཞིག་རྒྱག་འདོད་ཡིན།གལ་ཏེ་རྒྱ་ནག་གཞུང་གིས་ཞུ་གཏུག་མཁན་ཚོའི་གནད་དོན་ཐག་གཅོད་ཡག་པོ་མ་བྱས་ཚེ།ཁོང་མོས་མུ་མཐད་ནས་ངོ་རྒོལ་བྱེད་རྒྱུ་ཡིན་ཟེར།
用于预训练的单语数据集
公开数据集
དེ་བཞིན་ཧྲན་ཏུང་ཞིང་ཆེན་ནས་ཡོང་བའི་ཞུ་གཏུག་མཁན་སོན་ཡོན་ཕེང་གིས་གསར་འགོད་པར་ཁོང་གི་ཨ་ཕར་འཕྲད་པའི་དཀའ་ངལ་སྐོར་ངོ་སྤྲོད་བྱེད་དོན།འཁོང་ཚང་གི་གསོ་འཕེལ་ཁང་གཉིས་དང་ཁྱིམ་ཚང་གི་ཁང་པ་ཕྱི་ལོ༢༠༡༣ལོར་རྒྱ་ནག་གཞུང་གིས་བཙན་དབང་གིས་གཏོར་རྗེས།ཁོང་གི་ཨ་ཕ་ཐེངས་མང་པོར་པེ་ཅིང་ལ་སོང་ནས་ཁྲིམས་གཏུག་བྱས་མཐར།ད་ལོའི་ཕྱི་ཟླ༢ཚེས༢༦ཉིན་ངའི་ཨ་ཕ་འཛིན་བཟུང་བྱས་པ་རེད།ད་ལྟ་ཨ་ཕ་ལགས་གང་ན་ཡོད་པ་དང་གནས་སྟངས་ཅི་ཡིན་སོགས་གཅིག་ཀྱང་མི་ཤེས་པའི་གནས་ཡིན།ང་ད་ཐེངས་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ལ་ཡོང་དོན་ནི་ལྕམ་མཱ་ཡོན་ཐེན་གྱི་ཞི་ཅིན་ཕེང་ཁྲིམས་ལ་གཏུག་པའི་ལས་དོན་ལ་རྒྱབ་སྐྱོར་ཆེད་ཡིན།ད་ཐེངས་ཀྱི་ལས་དོན་འདིའི་ཧྲན་ཏུང་ཞིང་ཆེན་གྱི་དཔོན་རིགས་ལ་འཇིགས་སྐུལ་གྱི་ནུས་པ་ཞིག་ཐོན་ནས་ངའི་ཨ་ཕ་ཀློད་རྒྱུའི་རེ་བ་ཡོད་ཅེས་བཤད་འདུག
用于预训练的单语数据集
公开数据集
དེ་བཞིན་ལྕམ་མཱ་ཡོན་ཐེན་གྱིས་མུ་མཐུད་ནས་བཤད་རྒྱུར།རིམ་པ་དང་པོར་ལེགས་བྱུང་སོང་།ད་རིམ་གཉིས་པ་ནི་ཨ་རིའི་ནིའུ་ཡོག་ལྷོ་ཁུལ་ཁྲིམས་ཁང་གི་ཐག་གཅོད་ཡིག་ཆ་དག་ཞི་ཅིན་ཕེང་གི་ལག་ཏུ་འཕྲོད་ཐབས་བྱ་རྒྱུ་དང་།ཨ་རིའི་ཁྲིམས་ལུགས་ལྟར་ཞི་ཅིན་ཕེང་ཨ་རིའི་ཁྲིམས་ཁང་དུ་ཡོང་ནས་ཁྲིམས་གཅོད་ངོས་ལེན་བྱེད་རྒྱུ་དེ་ཡིན།ཞེས་བརྗོད་འདུག
用于预训练的单语数据集
公开数据集
རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེང་ཨ་རིའི་ཁྲིམས་ཁང་ལ་གཏུགས་པ་དེས་ནུས་པ་ག་ཚོད་ཅིག་ཐོན་པ་དང་།དེ་ལ་དོན་དངོས་རང་བཞིན་ག་ཚོད་ཅིག་ཡོད་པ།ཞི་ཅིན་ཕེང་ཁྲིམས་ཁང་དུ་འབོད་ཐུབ་མིན་སོགས་ལ་མ་བལྟས་པར།ཁྲིམས་ལ་གཏུག་པ་དང་།ཁྲིམས་ཁང་གིས་ངོས་ལེན་བྱས་པ་ཙམ་གྱིས་སྤྱིར་ན་མཚོན་བྱེད་ཀྱི་རང་བཞིན་ཞིག་དང་།སྒོས་སུ་འཛམ་གླིང་ལོག་ལོག་འདིའི་སྒང་ན་ད་དུང་ཡང་དྲང་བདེན་ཞུ་ས་ཞིག་ཡོད་པ་དང་།གཉོམ་ཆུང་ཚོར་མགོན་སྐྱབས་ཤིག་ཡོད་པ་མཚོན་ཡོད།
用于预训练的单语数据集
公开数据集
མཆན།མ་ཡིག་ལ་ལྟ་འདོད་མཁན་ཚོས་འབྲེལ་ཐགཕྱི་ཟླ༩ཚེས༣ཉིན།རྒྱ་ནག་གི་ཞུ་གཏུག་མཁན་མཱ་ཡོན་ཐེན་དང་སོན་ཡོན་ཕེང་གིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེང་གིས་གདུག་རྩུབ་ཆེ་བའི་མནར་གཅོད་ཡ་ང་བ་གཏོང་བའི་ཁྲིམས་ཆད་རྩ་འཛུགས་བྱས་ཚུལ་ཁྲིམས་ལ་གཏུག་ཡོད་པ་དང་།ཨ་རིའི་གྲོང་ཁྱེར་ནིའུ་ཡོག་གི་ལྷོ་ཁུལ་ཁྲིམས་ཁང་གིས་གྱོད་དོན་དེ་དང་ལེན་ཐོ་འགོད་བྱས་འདུག
用于预训练的单语数据集
公开数据集
དེ་ཡང་པོའོ་ཞོན་དྲྭ་རྒྱའི་གནས་ཚུལ་ལྟར་ན།ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ལྷོ་ཁུལ་ཁྲིམས་ཁང་གིས་རྒྱ་ནག་གི་སྲིད་འཛིན་ཁྲིམས་གཏུག་གི་གྱོད་དོན་དེ་ཐོ་འགོད་བྱས་པའི་རྗེས་སུ།ཞུ་གཏུག་མཁན་མཱ་ཡོན་ཐེན་གྱིས་པོའོ་ཞོན་གསར་ལས་ཁང་གི་གསར་འགོད་པར།ཁྲིམས་ཁང་གིས་གྱོད་དོན་དང་ལེན་དང་ཐོ་འགོད་བྱས་སོང་ཞེས་བཤད་པ་དང་ཆབས་ཅིགཁོང་མོར་རྒྱ་ནག་ནང་དུ་འཕྲད་པའི་དཀའ་ངལ་སྐོར་བཤད་རྒྱུར།ཁོང་མོའི་བཟོ་གྲྭ་རྒྱ་ནག་གཞུང་གི་བཙན་དབང་གི་གཏོར་རྗེས།ཁོང་མོས་ཁྲིམས་ལུགས་ལྟར་རྒྱ་ནག་ཁྲང་ཁྲོན་གྲོང་ཁྱེར་མི་དམངས་འབྲིང་རིམ་ཁྲིམས་ཁང་ལ་ཁྲིམས་གཏུག་བྱས་ཏེ་རྒྱལ་ཁ་ཐོབ།འོན་ཀྱང་།དེའི་རྗེས་ཀྱི་ལོ༡༠འི་རིང་ཁོང་མོའི་བཟོ་གྲྭ་བཙན་དབང་གིས་གཏོར་བའི་གྱོད་དོན་དེ་ཐག་གཅོད་བྱས་མེད་སྟབས།ཁོང་མོས་བདེན་པ་དང་འདྲ་མཉམ་འཚོལ་ཆེད་ཞིང་ཆེན་དང་པེ་ཅིང་དུ་ལོ༡༣རིང་ཞུ་གཏུག་བྱས་ཤིང་།དེ་མིན་ཁོང་མོས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱ་ནག་གི་གཞུང་ཚབ་སོགས་སུ་ལོ་གཉིས་རིང་ངོ་རྒོལ་བྱས་པ་ཡིན།ད་ཐེངས་ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་ཁྲིམས་ཁང་ལ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེང་ཁྲིམས་གཏུག་བྱེད་དོན་ནི།རྒྱ་ནག་གཞུང་ལ་ཡང་བསྐྱར་ཉེན་བརྡ་ཞིག་རྒྱག་འདོད་ཡིན།གལ་ཏེ་རྒྱ་ནག་གཞུང་གིས་ཞུ་གཏུག་མཁན་ཚོའི་གནད་དོན་ཐག་གཅོད་ཡག་པོ་མ་བྱས་ཚེ།ཁོང་མོས་མུ་མཐད་ནས་ངོ་རྒོལ་བྱེད་རྒྱུ་ཡིན་ཟེར།
用于预训练的单语数据集
公开数据集
དེ་བཞིན་ཧྲན་ཏུང་ཞིང་ཆེན་ནས་ཡོང་བའི་ཞུ་གཏུག་མཁན་སོན་ཡོན་ཕེང་གིས་གསར་འགོད་པར་ཁོང་གི་ཨ་ཕར་འཕྲད་པའི་དཀའ་ངལ་སྐོར་ངོ་སྤྲོད་བྱེད་དོན།འཁོང་ཚང་གི་གསོ་འཕེལ་ཁང་གཉིས་དང་ཁྱིམ་ཚང་གི་ཁང་པ་ཕྱི་ལོ༢༠༡༣ལོར་རྒྱ་ནག་གཞུང་གིས་བཙན་དབང་གིས་གཏོར་རྗེས།ཁོང་གི་ཨ་ཕ་ཐེངས་མང་པོར་པེ་ཅིང་ལ་སོང་ནས་ཁྲིམས་གཏུག་བྱས་མཐར།ད་ལོའི་ཕྱི་ཟླ༢ཚེས༢༦ཉིན་ངའི་ཨ་ཕ་འཛིན་བཟུང་བྱས་པ་རེད།ད་ལྟ་ཨ་ཕ་ལགས་གང་ན་ཡོད་པ་དང་གནས་སྟངས་ཅི་ཡིན་སོགས་གཅིག་ཀྱང་མི་ཤེས་པའི་གནས་ཡིན།ང་ད་ཐེངས་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ལ་ཡོང་དོན་ནི་ལྕམ་མཱ་ཡོན་ཐེན་གྱི་ཞི་ཅིན་ཕེང་ཁྲིམས་ལ་གཏུག་པའི་ལས་དོན་ལ་རྒྱབ་སྐྱོར་ཆེད་ཡིན།ད་ཐེངས་ཀྱི་ལས་དོན་འདིའི་ཧྲན་ཏུང་ཞིང་ཆེན་གྱི་དཔོན་རིགས་ལ་འཇིགས་སྐུལ་གྱི་ནུས་པ་ཞིག་ཐོན་ནས་ངའི་ཨ་ཕ་ཀློད་རྒྱུའི་རེ་བ་ཡོད་ཅེས་བཤད་འདུག
用于预训练的单语数据集
公开数据集
དེ་བཞིན་ལྕམ་མཱ་ཡོན་ཐེན་གྱིས་མུ་མཐུད་ནས་བཤད་རྒྱུར།རིམ་པ་དང་པོར་ལེགས་བྱུང་སོང་།ད་རིམ་གཉིས་པ་ནི་ཨ་རིའི་ནིའུ་ཡོག་ལྷོ་ཁུལ་ཁྲིམས་ཁང་གི་ཐག་གཅོད་ཡིག་ཆ་དག་ཞི་ཅིན་ཕེང་གི་ལག་ཏུ་འཕྲོད་ཐབས་བྱ་རྒྱུ་དང་།ཨ་རིའི་ཁྲིམས་ལུགས་ལྟར་ཞི་ཅིན་ཕེང་ཨ་རིའི་ཁྲིམས་ཁང་དུ་ཡོང་ནས་ཁྲིམས་གཅོད་ངོས་ལེན་བྱེད་རྒྱུ་དེ་ཡིན།ཞེས་བརྗོད་འདུག
用于预训练的单语数据集
公开数据集
རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེང་ཨ་རིའི་ཁྲིམས་ཁང་ལ་གཏུགས་པ་དེས་ནུས་པ་ག་ཚོད་ཅིག་ཐོན་པ་དང་།དེ་ལ་དོན་དངོས་རང་བཞིན་ག་ཚོད་ཅིག་ཡོད་པ།ཞི་ཅིན་ཕེང་ཁྲིམས་ཁང་དུ་འབོད་ཐུབ་མིན་སོགས་ལ་མ་བལྟས་པར།ཁྲིམས་ལ་གཏུག་པ་དང་།ཁྲིམས་ཁང་གིས་ངོས་ལེན་བྱས་པ་ཙམ་གྱིས་སྤྱིར་ན་མཚོན་བྱེད་ཀྱི་རང་བཞིན་ཞིག་དང་།སྒོས་སུ་འཛམ་གླིང་ལོག་ལོག་འདིའི་སྒང་ན་ད་དུང་ཡང་དྲང་བདེན་ཞུ་ས་ཞིག་ཡོད་པ་དང་།གཉོམ་ཆུང་ཚོར་མགོན་སྐྱབས་ཤིག་ཡོད་པ་མཚོན་ཡོད།
用于预训练的单语数据集
公开数据集
འདིའི་སྟེང་མནན་ནས་ལྟོས་དང་བརྙན་ཐུང་ཞིག་ཀྱང་ཡོད་པ་རེད།
用于预训练的单语数据集
公开数据集
འོད་དཀར་དྲ་ཚིགས་ནི་ཕྱི་ལོ་༢༠༠༨ལོར་འཚར་ལོངས་བྱུང་ཞིང་།ད་བར་བོད་སྐད་ཡིག་གི་ལས་དབང་ལྕི་མོ་འདིའི་ཆེད་དུ་ངེད་ཚོ་ཁྱེད་ཀྱི་མིག་མདུན་ནས་ཤི་གསོན་དང་དགྱེ་སྒུར་གང་མང་ཞིག་བྱེད་དགོས་བྱུང་སོང་མོད།འོན་ཀྱང་བོད་སྐད་ཡིག་གི་མཁའ་དབུགས་དབེན་པའི་གནས་འདི་ནས་ད་དུང་མུ་མཐུད་ནས་རང་དང་འདྲ་བའི་ཀློག་མཁན་ཁྱེད་ཚོ་དང་མཉམ་དུ་མི་རིགས་འདིའི་སྐད་ཡིག་གི་ཆགས་འཇིག་ལ་བསམ་གཞིགས་བྱེད་འདོད་ཤིན་ཏུ་ཆེ།
用于预训练的单语数据集
公开数据集
དེ་ཡང་བསླབ་གསུམ་བདུད་རྩིས་ཐུགས་རྒྱུད་ཡོངས་སུ་གཏམས་པའི་དགེ་བའི་བཤེས་གཉེན་རྣམས་དང་སྐད་ཡིག་རིག་གནས་ལ་ནང་བྱན་ཆུད་པའི་རྩོམ་པ་པོ་དང་ཀློག་པ་པོ་རྣམ་པའི་སྙན་ལམ་དུ་ཞུ་རྒྱུར།
用于预训练的单语数据集
公开数据集
འགར་རྩེ་དགོན་པའི་དགེ་བའི་བཤེས་གཉེན་ཆེན་པོ་མདོ་སྔགས་རབ་འབྱམས་པ་དཀོན་མཆོག་ཆོས་འཕེལ་ལམ།པུར་མིང་དུ་གངས་བུ་ལྷག་ཡངས་སུ་འབོད་པ་ཁོང་གིས་ཆུང་དུས་ནས།སྐྱབས་གཅིག་མཐོང་བ་དོན་ལྡན་བསེ་ཁྲི་ཆེན་དྲུག་པ་རིན་པོ་ཆེ་དང་།མགར་སྟོན་བརྒྱད་པ་ཆེན་པོ་སོགས་བླ་ཆེན་སེམས་དཔའ་བཅུ་ཕྲག་ལྷག་བསམ་སྦྱོར་གཉིས་ཀྱིས་བསྟེན་ཏེ་ཆོས་ཀྱི་བདུད་རྩིའི་བགོ་སྐལ་མང་དུ་བཞེས་ཤིང་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་རྗེ་དམ་ཆོས་རྒྱ་མཚོ་སོགས་བཤེས་གཉེན་དུ་མ་ལས་གངས་ཅན་རིག་གནས་ཆེ་ཆུང་སྤྱི་དང་།
用于预训练的单语数据集
公开数据集
ནང་སྒོས་སུ་བཀའ་པོད་ལྔ་སོགས་ལ་ཚིག་སྤྱི་ཙམ་མ་ཡིན་པར་ལུང་རིགས་ཀྱི་ལམ་ནས་ཞིབ་དཔྱད་ཀྱིས་ཐོས་བསམ་གྱི་སྒྲོ་འདོགས་ལྷག་མ་མེད་པར་བཅད་དེ།འཆད་རྩོད་རྩོམ་གསུམ་གྱི་ཡོན་ཏན་ལ་མངའ་བརྙེས་པས་ལྷ་ཆོས་དང་མི་ཆོས་གང་ལའང་ཐོགས་པ་མེད་པའི་སྨྲ་བའི་དབང་ཕྱུག་གི་མཚན་སྙན་ཀུན་ཏུ་རྒྱས་ཤིང་།རང་དགོན་གྱི་དགེ་རྒན་ཆེན་མོའི་འགན་བཞེས་ཐོག་དགོན་སྡེ་ཁག་དང་སློབ་གྲྭ་ཆེ་འབྲིང་སོགས་ལའང་རིག་གནས་གང་མཁོའི་སྒོ་ནས་འཆད་ཁྲིད་དང་སྤྱི་ཚོགས་སློབ་གསོ་སོགས་ཀྱིས་སློབ་བུ་མང་དུ་བསྐྱངས།
用于预训练的单语数据集
公开数据集
དེས་ན་དམ་པ་གང་ཉིད་གློ་བུར་དུ་སྐུ་གཤེགས་པའི་ཚུལ་བསྟན་ནས་ལོ་འཁོར་གཅིག་འཁོར་ལ་ཉེ་བའི་སྐབས་འདིར་ངེད་སློབ་བུ་རྣམས་ཀྱིས་གཙོས་ཡུལ་ཕྱོགས་གྲྭ་བས་དམ་པ་ཁོང་ལ་རྗེས་དྲན་གྱི་དུས་དེབ་ཅིག་དཔར་ན་ཅི་འདྲ་ཡིན་པ་སོགས་བླ་མ་རིན་པོ་ཆེ་བསེ་ཚང་བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེ་མཆོག་དང་མཆོག་སྤྲུལ་རིན་པོ་ཆེ་རྣམ་གཉིས་ལ་བཀའ་འདྲི་ཞུས་ཤིང་
用于预训练的单语数据集
公开数据集
ཁོང་རྡོ་རྗེ་འཆང་གིས་དེབ་ཀྱི་མཚན་བྱང་ལ་༼རྗེས་དྲན་གཡས་འཁྱིལ་དུང་གི་སྒྲ་དབྱངས་༽ཞེས་བཀའ་སློབ་གནང་བ་ལ་བརྟེན་དགེན་དམ་པ་ལགས་ལ་རྗེས་དྲན་གྱི་དེབ་ཅིག་འཕུད་རྒྱུ་ཡིན་པས་དེའི་ལུགས་ཐུགས་ལ་བསྣམས་ཏེ།དགེན་ཁོང་ལ་འབྲེལ་ཡོད་ཀྱི་མཁས་དབང་རྣམས་དང་སློབ་བུ་རྣམས་ཀྱི་གཙོས་མི་རིགས་དང་སྐད་ཡིག་ལ་ཤ་ཞེན་ཆེ་བའི་གྲོགས་རིགས་པ་སྨྲ་པ་དག་གིས་ཚིགས་བཅད་ལྷུག་སྤེལ་མ་གང་རུང་གི་ལམ་ནས་དྲངས་ཏེ་རྗེས་དྲན་རྩོམ་ཡིག་གྱ་ནོམ་པ་རེ་ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་༩ཚེས་༡ཡན་ཆད་དུ་ངེད་ཅག་རྩོམ་སྒྲིག་ཁང་ལ་འབྱོར་རྒྱུ་མཁྱེན་མཁྱེན་ལགས།
用于预训练的单语数据集
公开数据集
མདོ་སྔགས་རབ་འབྱམས་སྨྲ་བ་མགར་ཆོས་འཕེལ་ནི་སྤྱི་ལོ་༡༩༦༣ལོ་སྟེ་བོད་རབ་བྱུང་བཅུ་དྲུག་པའི་ཆུ་ཡོས་ལོར་མཚོ་སྔོན་རེབ་གོང་རོང་འབྲོག་ཚོ་ལྔའི་ནང་ཚན་མགར་གྱི་རིགས་རྒྱུད་ལས་སྐུ་འཁྲུངས།ཆུང་དུས་ནས་རྣམ་རིག་བཀྲ་ཞིང་སྙིང་རྗེ་ཆེ་བར་གླེང་།ལོ་བརྒྱད་ཀྱི་སྟེང་སློབ་ཆུང་དུ་ཞུགས།སློབ་མཐར་ཕྱིན་རྗེས་སྐབས་དེའི་གནས་ཚུལ་གྱི་དབང་གིས་སློབ་གྲྭ་ཆེ་འབྲིང་དུ་འགྲོ་རྒྱུའི་སྐབས་མ་བྱུང་བར་ངལ་རྩོལ་གྱི་ལས་སུ་ཞུགས།རང་ལོ་བཅུ་དགུའི་སྟེང་འགར་དགོན་ཐུབ་བསྟན་ཆོས་འཁོར་གླིང་གི་ཆོས་སྒོར་ཞུགས་ཏེ་གྲྭ་ཚང་གི་འདོན་རྟ་དབྱངས་གསུམ་དང་།ཆོ་ག་ཕྱག་ལེན་གྱི་རིམ་པ་རྣམས་ངེས་གཙང་གནང་ཐོག༧སྨྲ་བའི་དབང་བོ་རྗེ་དམ་ཆོས་རྒྱ་མཚོ་སོགས་བཤེས་གཉེན་མང་པོའི་མདུན་ས་ནས་བསྡུས་གྲྭ་ནས་བཟུང་མདོ་སྔགས་རིག་གནས་དང་བཅས་པར་ལོ་ངོ་ཉེར་ལྔའི་རིང་སྦྱངས་བརྩོན་མཛད།
用于预训练的单语数据集
公开数据集
རང་ལོ་ཉེར་གསུམ་ནས་བཟུང་སྟེ་ཚད་མ་དང་།ཕར་ཕྱིན།དབུ་མ།མཛོད།འདུལ་བ།ལམ་རིམ་བློ་སྦྱོང་།སུམ་རྟགས་སྙན་ངག་སོགས་ཀྱི་དཔེ་ཁྲིད་བྱས་ཏེ་དགེ་རྒན་གྱི་འགན་འཁུར།
用于预训练的单语数据集
公开数据集
སྤྱི་ལོ་༡༩༩༥ལོ་ནས་བཟུང་རིག་གནས་དང་བཀའ་པོད་ལྔའི་ཐལ་ཕྲེང་སོ་སོ་རྩོད་ཡིག་ལྟར་ཡིག་ཐོག་ནས་རྒྱུགས་ལེན་པའི་འཆད་ཉན་ཡར་བསྐུལ་གྱི་བྱ་བའི་འགན་ཁུར།མགར་རྩེ་དགོན་གྱི་དུས་དེབ་ཐོག་མ་ཡར་སྐུལ་གྱི་དུང་བརྡ་དང་རྩོམ་སྦྱོང་ར་བ་གངས་རིའི་ཆབ་རྒྱུན་སོགས་ཀྱི་རྩོམ་སྒྲིག་པའི་ཁུར་བཞེས།
用于预训练的单语数据集
公开数据集
སྤྱི་ལོ་༡༩༩༩ལོ་ནས་བཟུང་རང་སྒེར་གྱིས་སྣ་འཛོམས་དུས་དེབ་འོད་ལྔའི་ཁུར་ཁང་ཞེས་པའི་དེབ་བཞི་རྒྱ་ཆེའི་ཀློག་པ་པོའི་སྤྱན་སྔར་ཕུལ་ཏེ།སྤྱི་ཚོགས་གླེང་བརྗོད།མི་ཚེ་ལྟ་ཚུལ།སྙན་ངགལོ་རྒྱུའི།སྒྲུང་གཏམ།ཆོས་ལུགས་དཔྱད་གླེང་སོགས་ཀྱི་སྒོས་གངས་རིའི་ལས་དབང་ལ་ཕྱི་མིག་ཐེངས་ཤིག་མཛད།
用于预训练的单语数据集
公开数据集
ཕྱག་རྩོམ་གྱི་ཐད་ལའང་སྲོང་བོའི་གཏམ་སོགས་བསམ་བློའི་དཔྱད་གླེང་དང་།ཟླ་བ་ལྷ་མོར་ཕུལ་བའི་ཞུ་ཚིག་སོགས་སྙན་རྩོམ་མང་པོ།སྟག་མོ་ལུས་སྦྱིན་གྱི་རྟོགས་བརྗོད་སོགས་རྣམ་ཐར་སྣ་ཚོགས་བསམ་དངོས་གཉིས་ཐད་ཀྱི་ཞི་བདེ་གླེང་བ་སོགས་དུས་རབས་ལ་ཁ་ཕྱོགས་པའི་ཆེད་རྩོམ་མང་པོ་ཞིང་ཆེན་ཕྱི་ནང་གི་ཚགས་པར་དང་དུས་དེབ་སོགས་ཀྱི་སྟེང་དུ་བཀོད་དེ་ཅི་མི་སྙམ་པའི་ད་ལས་བརྒལ།
用于预训练的单语数据集
公开数据集
གཞན་ཡང་མགར་དགོན་གྱི་དགེ་རྒན་དང་།དབུ་མཛད།དགེ་བསྐོས།དོ་དམ་ཨུ་ཡོན།མཐོ་རིམ་རྒྱུགས་ལེན་ཚན་ཆུང་གི་འགོ་གཙོ།ཡང་སྒོས་མགར་དགོན་གྱི་པོད་ལྔའི་རྩི་བཞག་བླ་མ་དང་ཁྲི་བའི་འགན་གཅིག་ལྕོགས་སུ་མཛད་དེ་མཉམ་མེད་བུ་རམ་ཤིང་བའི་བསྟན་པ་རིན་པོ་ཆེ་ཡུན་རིང་དུ་གནས་པའི་ཐབས་དང་།རྒྱ་བོད་ཀྱི་འབྲེལ་ཡོད་མི་སྣ་མང་པོར་སེམས་ཀྱི་ཞི་བདེའི་ཐད་ནས་སློབ་སྟོན་གང་ལེགས་གནང་བ་སོགས་དམ་པ་གོང་མའི་རྣམ་ཐར་ལྷུར་བཞེས་ཀྱང་གདུལ་བྱ་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་ཕྱིར་དགོངས་པ་ཆོས་དབྱིངས་སུ་བསྡུས་པ་ལགས་སོ།།
用于预训练的单语数据集
公开数据集
༄༅།།བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ།དེ་རིང་ནི་སྤྱི་ལོལོའི་ཟླཚེསརེས་གཟའ་ཕུར་བུ་ཡིན།དྲ་གནས་ཉར་ཚགས།གཙོ་ངོས་སུ་འགོད་པ།ནང་འཇུག