text
stringlengths
1
21.7k
char_len
int64
1
21.7k
max_char_btw_tsak
int64
0
940
འོད་འཕྲོ་བའི་རྒྱན་ཆ་མང་པོ་སྐེ་དང་ལག་པར་བཏགས་གནང་ཡོད་པ་མ་ཟད།
61
4
རྒྱན་ཆ་འགའ་ཤས་རྒྱ་ཅོག་གི་སྟེང་དུ་འོད་འབྱིན་བཞིན་འདུག་དུག་ལོག་དང་འགྲིམ་འགྲུལ་གྱི་ཆེད་དུ་སྤྱོད་རྒྱུའི་སྒམ་ཕྱེད་བཀང་བ་མང་པོ་ཞ་ལའི་སྟེང་དུ་གང་སར་བཀྲམས་འདུག་དེར་ཡོད་པའི་དངོས་ཆས་རྣམས་སྔོན་མ་ནང་བཞིན་དཀར་མདངས་འཕྲོ་བ་ཞིག་ཡོད་དགོས་ཀྱང་།
228
6
ད་ཆ་དཀར་མདངས་ཉམས་ནས་སེར་པོར་གྱུར་བ་མཐོང་བྱུང་།
48
4
གྱོན་ཆས་ཆེས་ལེགས་པོ་གྱོན་པའི་མནའ་མ་དེའི་བཀྲག་མདངས་ཉམས་ནས་ད་ཆ་མིག་དབང་གི་བཀྲག་མདངས་ཙམ་ལས་ལུས་མེད་པའང་མཐོང་།
108
4
གྱོན་ཆས་དེ་དག་དེ་སྔ་བུད་མེད་གཞོན་ནུ་མ་ཞིག་གི་གཟུགས་དབྱིབས་ཀྱི་ཆེད་དུ་བཟོས་པ་རང་ཡིན་ཡང་།
89
6
ད་ཆ་ཆས་གོས་དེ་གྱོན་མཁན་གྱི་གཟུགས་བརྙན་ནི་པགས་པ་དང་རུས་པ་ཁོ་ན་ལས་མེད་པ་མ་ཡིན་ཙམ་ཞིག་ཏུ་མངོན།
93
5
ཁོང་ནི་རུས་སྒྲོམ་ནང་ནས་མིག་ནག་པོ་ཞིག་གིས་ནག་གེར་ལྟ་བཞིན་འདུག་པས།
66
5
ཞེད་སྣང་གིས་ཏོག་ཙམ་མ་གཏོགས་སྐད་ཤོར་གྲབས་བྱས་བྱུང་།
52
5
ཁོང་གིས་སུ་ཡིན་ནམ།
20
3
ཞེས་སྐད་ཆ་དྲིས་བྱུང་བས།
25
4
ངས་ལྕམ་སྐུ་ཞབས་ལགས།
21
3
ང་ཕིབ་ཡིན།
12
3
སྐུ་ཞབས་པིམ་པལ་ཅུག་གི་བུ་དེ་ཡིན།
34
3
རྩེད་མོ་རྩེ་བར་ཡོང་བ་ཡིན།
27
4
ཞེས་ལན་བརྒྱབ་པར།
18
5
ཁོང་གིས་ངའི་འཁྲིས་ལ་ཤོག་དང་།
30
5
ཡག་པོ་བྱས་ཏེ་ལྟ་གི་ཡིན།
25
3
གསུངས་བྱུང་།
14
5
ངས་ཁོང་གི་མིག་ལས་གཡོལ་ཐབས་བྱས་ཏེ་མདུན་དུ་ལངས་སྐབས།
52
4
ཁང་པ་དེའི་ནང་གི་རྩིག་དཔྱངས་ཆུ་ཚོད་གཅིག་འདུག་པ་དེ་ཆུ་ཚོད་དགུ་པ་ཟིན་པར་སྐར་མ་ཉི་ཤུ་ཡོད་པ་དེ་གར་འཁོར་མཚམས་བཞག་འདུག་པ་མ་ཟད།
121
5
ཁོང་གི་ལག་འདོགས་ཆུ་ཚོད་དེ་ཡང་ཏག་ཏག་དུས་ཚོད་དེ་དང་གཅིག་པར་འཁོར་མཚམས་བཞག་ནས་བསྡད་ཡོད་པའི་དོ་སྣང་བྱུང་།
102
5
དེ་ནས་ལྕམ་ཧབི་ཤཱམ་གྱིས་དེ་མ་ཐག་ཏུ་ང་ལ་ལྟོས་དང་།
49
4
ཞེས་གསུངས་ཏེ།
15
5
ཁོང་རང་གི་བྲང་ཁོག་གཡོན་མ་ཡོད་ས་དེའི་ཐོག་ལག་པ་གཅིག་གི་སྟེང་དུ་གཅིག་བརྩེགས་ཏེ།
78
6
ངས་ལག་པ་ཆང་ས་འདིར་ག་རེ་ཡོད་པ་ཁྱོད་ཀྱིས་ཤེས་སམ།
48
4
ཞེས་དྲིས་གནང་བར་ངས་ལགས།
25
4
ཤེས།
6
3
ཁྱེད་ཀྱི་སྙིང་ཡོད།
20
4
ཞུས་པས།
9
3
ཁོང་གིས་སྤོབས་པ་དང་ལྡན་པའི་འཛུམ་མདངས་ཤིག་ཕྱུངས་ཏེ།
52
5
གས་ཆགས་ཤོར་ཚར་བ་རེད།
22
3
ཅེས་གསུངས་ཏེ་བཞིན་རས་ཀྱི་འཛུམ་མདངས་དེ་ཡལ་བ་དང་བཅས།
52
5
ང་ཡིད་ཐང་ཆད་སོང་།
19
3
སྐྱེས་ཕོ་མོ་གཉིས་ལ་འབྲེལ་ཐག་ཆད་སོང་།
38
5
ད་ཆ་ང་ལ་འདོད་པ་ཁྱད་མཚར་ཞིག་ཡོད་པས་དེ་ནི་མི་གཞན་རྣམས་རྩེད་མོ་རྩེ་བར་བལྟ་རྒྱུ་དེ་རེད།
85
4
ཅེས་གསུངས་ཏེ་མཛུབ་མོ་རྣམས་སྒུག་བཟོད་མི་ཐུབ་པ་ལྟར་གཡུགས་ནས་ང་ལ་རྩེད་མོ་རྩེས་དང་།
81
5
བུ།
5
2
རྩེད་མོ་རྩེས་དང་།
19
4
ཞེས་བསྐྱར་ཟློས་ཡང་ཟློས་བྱས་ཏེ་གསུངས་བྱུང་།
44
5
ང་ནི་ག་བྱེད་འདི་བྱེད་ཀྱི་བསམ་བློ་མེད་པར་ཁ་ཐུག་ལངས་ཏེ་ཁོང་ལ་ལྟ་གིན་བསྡད་པ་ཡིན།
79
4
ཁོང་གིས་གསུངས་སྐད་ཆེན་པོའི་ངང་ནས་ག་རེ་བྱས་སོང་ངམ།
51
5
ཞེས་དྲིས་པར།
14
4
ངས་ཡིད་ཐང་ཆད་པ་དང་མཉམ་དུ།
27
3
ལྕམ་སྐུ་ཞབས།
14
3
དགོངས་པ་རྩ་བ་ནས་མ་ཚོམས།
25
5
ངས་ད་ལྟ་རྩེད་མོ་རྩེ་ཐུབ་ས་མ་རེད།
34
4
གང་ཡིན་ཞུས་ན།
15
3
ས་ཆ་འདི་རྒྱུས་མེད་གསར་པ་དང་གོམས་འདྲིས་མེད་པས་ཁྱད་མཚར་ཚོར་གྱི་འདུག་ཅེས་ཞུས་ཏེ།
79
5
ང་ངུ་བཞིན་དུ་ཕན་ཚུན་ལ་ཡུན་རིང་ལྟ་བཞིན་ལུས་སོང་།
49
4
དེ་འདྲ་ཅིག་ནས་ཁོང་གིས་གསུངས་གདངས་ཆུང་ངུའི་ངང་ནས།
50
5
ཁྱོད་ལ་ཞེ་དྲགས་གསར་པ་དང་ང་ལ་ཞེ་དྲགས་རྙིང་པ།
45
4
ཞེས་གསུངས་ཏེ་སླར་ཡང་མུ་མཐུད་དེ།
33
5
ཨེས་ཊིལ་ལཱ་སྐད་ཐོངས་དང་།
26
4
ད་འདི་རྩེད་ཐུབ་ཀྱི་རེད།
25
4
ཨེས་ཊིལ་ལཱ་སྒོ་འགྲམ་ནས་སྐད་ཐོངས་དང་།
38
4
ཞེས་གསུངས་གནང་གི་འདུག་ཁང་པ་ཁྱད་མཚར་ཞིང་བར་ཤུར་ནག་ཁུང་གིས་ཁྱབ་པའི་ནང་ལངས་ཏེ་སྡོད་རྒྱུ་དང་།
91
5
ཨེས་ཊིལ་ལཱ་ཞེས་པའི་གཞོན་ནུ་མ་ཁེངས་དྲེག་ཅན་དེ་སྐད་གཏོང་རྒྱུ་ནི།
64
4
ཁོང་གི་བཀའ་དང་བསྟུན་ཏེ་རྩེད་མོ་རྩེ་རྒྱུ་ལས་དཀའ་ལས་ཁག་པ་བྱུང་།
63
5
མཐའ་མཇུག་དེར་ཁོ་མོས་སྐད་ལན་བསློགས་ཏེ་ལག་ཏུ་སྒྲོན་མེ་ཞིག་འཁྱེར་ཡོང་ནས་ནག་ཁུང་ནང་དུ་སྐར་མ་ཤར་བ་ལྟར་སླེབས་བྱུང་།
111
6
ལྕམ་ཧབི་ཤཱམ་གྱིས་ཁོང་རང་གི་འཁྲིས་ལ་ཁོ་མོ་བོས་ཏེ་རྒྱ་ཅོག་གི་སྟེང་ནས་རྒྱན་ཆ་ཞིག་བླངས།
85
5
བུ་མོ་དེའི་མགོ་སྐྲ་རྒྱ་སྨུག་མཛེས་སྡུག་ལྡན་པ་དེར་བཏགས་ནས་ཉམས་འགྱུར་ལ་ལྟ་ཞིང་།
78
5
ཁྱེད་རང་བུ་འདི་དང་མཉམ་དུ་ཏཱ་སེ་རྩེས་དང་།
42
4
ཞེས་གསུངས་པར།
15
5
ཨེས་ཊིལ་ལཱས།
14
3
སྣ་གཉེར་ཏེ་མི་འདོད་པའི་སྒོ་ནས་ཕལ་པའི་བུ་འདིའི་མཉམ་དུ་ཨེ།
58
5
ཞེས་བཤད་སོང་།
15
3
ངའི་བསམ་པར་ཧབི་ཤཱམ་གྱིས་དེའི་ལན་དུ།
37
4
དེ་འདྲ་གསུངས་མདོག་ཁ་པོ་མ་རེད་སྙམ་ཡང་།
39
5
ཁྱོད་ཀྱིས་ཁོའི་སྙིང་ལ་གས་ཆག་ཅིག་གཏོང་ཐུབ་ཀྱི་རེད།
51
4
ཅེས་བརྗོད་པར་ཨེས་ཊིལ་ལཱས་གད་མོ་ཞིག་བགད་དེ་ང་གཉིས་ཏཱ་སེ་རྩེ་འགོ་བཙུགས་པ་ཡིན།
77
5
རྩེད་ཐེངས་དང་པོ་དེ་མཇུག་མ་རྫོགས་གོང་ལ་ཨེས་ཊིལ་ལྰས།
52
5
བུ་འདིའི་ལག་པ་རྩུབ་དྲེག་ཅན་དང་ལྷམ་གོག་མཐུག་པོ་འདི་འདྲ་ཨང་།
60
5
ཞེས་བརྗོད་པར།
15
5
དེ་སྔོན་རང་གི་ལག་པ་དང་ལྷམ་གྱི་གནས་སྟངས་ཀྱི་རྐྱེན་པས་ངོ་ཚ་དགོས་པ་བྱུང་མ་མྱོང་ཡང་།
82
5
དེ་ནས་བཟུང་ངོ་ཚ་བོ་ཞེ་དྲགས་བྱུང་།
35
4
རྩེད་ཐེངས་དང་པོ་དེ་ཁོ་མོ་ལ་ཐོབ་པར་བརྟེན་ངས་ཏཱ་སེ་བསྐྱར་དུ་སྦག་དཀྲུགས་བརྒྱབ་སྟེ་བགོས་པ་ཡིན།
92
6
རྩེད་མོའི་སྐབས་ང་ནོར་འཁྲུལ་ཤོར་ངེས་ཡིན་པ་ལ་ཁོ་མོ་བསྒུགས་བསྡད།
63
6
ངས་རྩེད་ནོར་མང་པོ་ཤོར་སོང་བར་བརྟེན་ཁོ་མོས་ང་ལ་ལྐུགས་པ་ཕལ་པའི་བུ་ཞེས་དམའ་འབེབས་བྱས་བྱུང་།
90
5
སྐབས་དེར་ལྕམ་ཧབི་ཤཱམ་གྱིས་ང་ཚོར་ལྟ་གིན་བཞུགས་ཏེ།
50
5
ཁྱོད་རང་གིས་མོ་ལ་གང་ཡང་ལབ་མ་སོང་།
35
4
ཁྱོད་ཀྱི་བསམ་ཚུལ་ལ་ཁོ་མོ་གང་འདྲ་འདུག་ཅེས་དྲིས་བྱུང་།
54
4
ངས་རང་ཉིད་གདོང་དམར་པོར་གྱུར་ཏེ།
33
4
གང་ཡང་ལབ་འདོད་མི་འདུག་ཅེས་ཞུས་པ་ཡིན།
38
4
ལྕམ་ཧབི་ཤཱམ་གྱིས་ངའི་འཁྲིས་ལ་དཀྱོགས་གནང་སྟེ།
46
6
ངའི་རྣ་མཆོག་ནང་ལ་ཤོད་དང་།
27
4
གསུངས་པར་ངས་ཁོང་ལ་ཤབ་ཤུབ་ངང་།
31
5
ངའི་བསམ་པར་ཁོ་མོ་ཁེངས་པ་ཆེན་པོ་ཞེ་དྲགས་འདུག་ཞུས་པར་ཁོང་གིས་དེ་མིན་ག་རེ་འདུག་ཅེས་དྲིས་གནང་པའི་ལན་དུ་ངས།
104
4
ངའི་བསམ་པར་ཁོ་མོ་ནི་གཞན་ལ་དམའ་འབེབས་བྱེད་མཁན་ཞིག་འདུག་ཞུས་པས་ཨེས་ཊིལ་ལཱས་གད་མོ་ཞིག་བགད་སོང་།
94
5
དེ་མིན་ག་རེ་འདུག་ཅེས་སླར་ཡང་དྲིས་པར་ངས།
41
4
ད་ང་ནང་ལ་ལོག་འདོད་འདུག་ཅེས་ཞུས་པས།
36
4
ལྕམ་ཧབི་ཤཱམ་གྱིས་མོ་མཛེས་མ་ཞིག་ཡིན་པའི་ཆ་ནས་སླར་ཡང་ཐུག་འདོད་མི་འདུག་གམ།
73
4
ཞེས་བཀའ་འདྲི་གནང་བར།
22
4
ངས་ཡང་བསྐྱར་ཐུག་འདོད་མི་འདུག་ཅེས་ཞུ་ཤེས་ས་མ་རེད།
50
5
ད་ལྟ་ང་ཁྱིིམ་ལ་ལོག་འདོད་འདུག་ཞུས་པར་ལྕམ་ཧབི་ཤཱམ་གྱིས།
55
5
ཁྱིམ་ལ་མགྱོགས་པོར་འགྲོ་ཆོག་གི་རེད།
36
6
དང་པོ་རྩེད་ཐེངས་འདི་ཚར་བ་གྱིས།
32
4
ཞེས་གསུངས་བྱུང་།
18
5
ངས་རྩེད་ཐེངས་གཅིག་མཇུག་མ་རྫོགས་བར་རྩེས་པས་ཨེས་ཊིལ་ལཱས་བསྐྱར་དུ་ང་ཕམ་པར་བྱས་ནས་མོ་རྩེད་མོ་ལས་རྒྱལ་བར་བརྟེན།
108
5
ང་ལ་མཐོང་ཆུང་གི་ཚུལ་དུ་ཏཱ་སེ་རྣམས་རྒྱ་ཅོག་སྟེང་དུ་བོར་སོང་།
61
4
ལྕམ་ཧབི་ཤཱམ་གྱིས་ཁྱོད་རང་ཡང་བསྐྱར་འདི་གར་ག་དུས་ཡོང་གི་ཡིན་ནམ།
63
5