text
stringlengths 1
22.3k
|
---|
སུ་ནི་རྒྱུད། |
སུ་ནི་ཉམ་ཐག། |
སུ་ནི་གདུལ་བར་བྱ་ཞེས་ཉིན་མཚན་ཀུན་ཏུ་འཇིག་རྟེན་ཀུན་ལ་གཟིགས་པ་ལ་དེ་སྐད་བྱའོ།། |
ངེས་པར་ཀུན་མཁྱེན་ཤར་རྫ་པ་བཀྲ་ཤིས་རྒྱལ་མཚན་གྱི་གསུང་འབུམ། |
དགོངས་པ་ནི། |
ཐུགས་རྗེ་དེའང་གདུལ་བྱ་འདུལ་བའི་ལས་དུས་ལས་ཡོལ་བ་ཅུང་ཟད་ཀྱང་མེད་པ་དེ་ཉིད་དུ་དགོངས་པའོ།། |
འགྲོ་བ་འདུལ་བ་ནི། |
སྤྱིར་འགྲོ་བ་ཐམས་ཅད་འདུལ་ལ། |
ཤིན་ཏུ་གདུལ་དཀའ་བའི་བདུད་དང་སྲིན་པོ་དང་མུ་སྟེགས་ལྟ་བུའི་ལོག་པའི་ཚོགས་ཐམས་ཅད་ཀྱང་ཐབས་ཀྱི་རྣམ་པ་མཐའ་ཡས་པས་གདོན་མི་ཟ་བར་འདུལ་བར་མཛད་པའོ།། |
གཏོ་ཆེ་བ་ནི་སེམས་ཅན་རྣམས་ལ་བགེགས་ཀྱིས་བར་དུ་གཅོད་པ་ཞི་བའི་ཐབས། |
གཏོ་ཐབས་སུམ་བརྒྱ་དྲུག་ཅུ་གསུངས་པའོ།། |
དཔྱད་རིང་བ་ནི། |
ནད་ཀྱིས་བར་དུ་གཅོད་པ་ཞི་བའི་ཐབས། |
དཔྱད་ཐབས་ཉིས་ཁྲི་ཆིག་སྟོང་གསུངས་པའོ།། |
དེ་བཞིན་གཤེགས་པས་སེམས་གཅིག་གིས་བསྐལ་པ་དཔག་ཏུ་མེད་པ་ནས་ལུས་བླངས་པ་དང་སྐྱེས་པའི་གནས་དང་ལས་བཟང་ངན་ཐམས་ཅད་དང་། |
མ་འོངས་འབྱུང་འགྱུར་ཐམས་ཅད་མ་སྒྲིབ་པ་གསལ་བ་མཁྱེན་པ་དང་། |
དེ་བཞིན་སྟོང་ཆེན་པོའི་སེམས་ཅན་ཡོད་དོ་ཅོག་གི་དུས་གསུམ་གྱི་ལུས་དང་གནས་དང་ལས་དང་སེམས་སེམས་བྱུང་ཐམས་ཅད་མཁྱེན་པ་དང་། |
དེ་བས་ཀྱང་ཕྱོགས་བཅུའི་སྟོང་གསུམ་འཇིག་རྟེན་དང་། |
ཚད་མེད་པའི་སྟོང་གསུམ་འཇིག་རྟེན་ན་གནས་པའི་སེམས་ཅན་རེ་རེ་བཞིན་གྱིས་ཁམས་དང་དབང་པོ་ལས་བཟང་ངན་ཀུན་གསལ་བར་མཁྱེན་པ་སྟེ། |
བླ་མེད་གོ་འཕང་བསྒྲུབ་ཐབས་ཀྱི་མདོ་ལས། |
གཡུང་དྲུང་སེམས་དཔའ་གློག་གི་སྒྲོན་མ་ཉོན་ཅིག། |
ངས་ཡེ་ཤེས་སྤྱན་རྣམ་པར་དག་པས་བལྟས་པས། |
ཤར་ཕྱོགས་འཇིག་རྟེན་གྱི་ཁམས་གངྒའི་ཀླུང་གི་བྱེ་མ་སྙེད་དག་ན། |
གཡུང་དྲུང་སེམས་དཔའ་སེམས་དཔའ་ཆེན་པོ་ལྟད་མོ་ཅན་ཞེས་བྱ་བ་བཞུགས་སོ།། |
དེ་དག་གིས་མི་རྣམས་བསྡུ་བའི་དངོས་པོ་བཞིས་བསྡུས་བར་བྱེད་དོ།། |
བཞི་གང་ཞེ་ན། |
སྦྱིན་པ་དང་། |
སྙན་པར་སྨྲ་བ་དང་། |
དོན་སྤྱད་པར་བྱེད་པ་དང་། |
དོན་མཐུན་པས་སྡུས་པར་བྱེད་དོ།། |
སྐྱབས་འགྲོ་དང་བྱང་སེམས་ཞིང་འགྲེལ་སོགས་ཀྱི་སྐོར། |
ཞེས་གསུངས་པ་ལྟ་བུའོ།། |
ཐར་ལམ་སྟོན་པ་ནི། |
སྡིག་ཅན་མི་དགུ་ངན་སོང་གི་གནས་ནས་དྲངས་ཏེ་ཐར་པ་ཆེན་པོའི་ས་ལ་བཀོད་པ་ལྟ་བུ་སྟེ། |
དེ་དང་དེ་འདྲ་བ་བསམ་གྱིས་མི་ཁྱབ་པ་དག་གོ། |
ཁ་ལོ་སྒྱུར་བ་ནི། |
འཇིག་རྟེན་ན་ཤིང་རྟ་དང་རྟ་ལ་སོགས་པའི་ཁ་གང་དུ་དྲང་བ་པོ་དེ་ལ་ཁ་ལོ་སྒྱུར་བ་ཞེས་གྲགས་པ་བཞིན་དུ། |
གཤེན་རབ་མི་བོ་ནི་སྲིད་པ་ཉམ་ང་བའི་གཡང་ས་ལས་གདུལ་བྱ་རྣམས་ཐར་པའི་གནས་སུ་དྲང་བའམ་ཁ་ལོ་སྒྱུར་བ་པོ་ཡིན་པས་ན་དེ་སྐད་ཅེས་བྱའོ།། |
ངན་འགྲོ་གཅོད་པ་ནི། |
སྡིག་ཅན་གཏོ་བུ་དོད་དེ་དང་ཁྲི་ཤི་དབང་གི་རྒྱལ་པོ་ལ་སོགས་པ་དེ་དང་དེ་འདྲ་བ་མང་པོ་དམྱལ་བ་ནས་དྲངས་ཏེ། |
ཐར་པ་ཆེན་པོ་ཐོབ་པ་མཛད་པ་སྟེ། |
དེ་འདྲ་བ་བསམ་གྱིས་མི་ཁྱབ་བོ།། |
ཆགས་པ་སེལ་བ་ནི། |
བཙུན་མོ་འགུ་ལིང་མ་ཏིའི་ཆགས་པ་རྒྱུ་དང་འབྲས་བུ་བག་ཆགས་དང་བཅས་པ་སེལ་ནས་བདེ་བ་ཆེན་པོའི་ས་ལ་བཀོད་པ་ལྟ་བུ་སྟེ། |
དེ་དང་དེ་འདྲ་བ་རྣམས་སོ།། |
མདུད་པ་བཀྲོལ་བ་ནི་སྤྱིར་ཆགས་སྡང་སོགས་གཟུང་འཛིན་གྱི་ཉོན་མོངས་པས་རྒྱུད་དམ་པོར་བསྡོམས་པ་ལ་མདུད་པའི་སྒྲ་འཇུག་ཀྱང་འདིར་འཁོར་བར་འཇུག་པའི་རྒྱུའི་གཙོ་བོ་སྲེད་པ་ཉིད་ལོགས་སུ་ཕྱེ་བ་དེ་ལ་མདུད་པ་ཞེས་བྱ་སྟེ། |
སྲིད་པ་ན་འཆིང་བའི་བྱེད་ལས་ཅན་མདུད་པ་དམ་པོ་དང་འདྲ་བ་དེ། |
བདག་མེད་པའི་ཤེས་རབ་ཀྱི་རལ་གྲིས་བཅད་པས། |
དེས་ན་སྲེད་པ་ལས་རྣམ་པར་གྲོལ་བའི་ཚུལ་མཛད་པ་སྟེ། |
ཁབ་ཀྱི་དཔལ་འབར་སུམ་བརྒྱ་དྲུག་ཅུ་བཞེས་ཚུལ་མཛད་ནས་སྤངས་པའོ།། |
སྒྲིབ་པ་སྦྱོང་བ་ནི། |
རྒྱལ་བུ་འཁོར་ལོ་འཛིན་གྱིས་སློབ་བུ་སུམ་ཅུ་རྩ་ལྔ་ལ་མིང་མི་སྙན་པ་སུམ་ཅུ་རྩ་ལྔ་བཏགས་པས། |
ཕྱི་མར་དུད་འགྲོ་ལུས་གཅིག་ལ་མགོ་བོ་མི་མཐུན་པ་སུམ་ཅུ་རྩ་ལྔ་ཡོད་པའི་ལུས་བླངས་ནས་སྡུག་བསྔལ་བ་ལ། |
སྟོན་པས་ལྟུང་བ་བཤགས་པའི་སངས་རྒྱས་སུམ་ཅུ་རྩ་ལྔའི་མཚན་ནས་བརྗོད་དེ་ཕྱག་འཚལ་བཅུག་སྟེ། |
ཀུན་མཁྱེན་ཤར་རྫ་པ་བཀྲ་ཤིས་རྒྱལ་མཚན་གྱི་གསུང་འབུམ། |
དེའི་སྒྲིབ་པ་སྦྱངས་ནས་ཐར་པར་བཀོད་པ་དེ་དང་དེ་འདྲ་བ་མཐའ་ཡས་སོ། |
སྐྱེ་སྒོ་གཅོད་པ་ནི། |
སྟོང་གསུམ་འཇིག་རྟེན་འདིའི་ཕྱོགས་བཅུའི་ཞིང་ཁམས་སྟོང་པ་ཙམ་གྱི་སེམས་ཅན་རྣམས་ཕྱིར་མི་ལྡོག་པའི་ས་ལ་བཀོད་པར་མཛད་པ་དེ་དང་དེ་འདྲ་བ་དག་གོ། |
མྱ་ངན་སངས་པར་བྱེད་པ་ནི། |
རྒྱལ་པོ་ཀྱེ་ཤ་བུ་ཤི་བའི་མྱ་ངན་སྦྱོང་པ་མཛད་པ་དེ་དང་དེ་འདྲ་བ་རྣམས་སོ།། |
སྟོང་གསུམ་འཇིག་རྟེན་འདུལ་བའི་སྟོན་པ་ནི། |
སྟོང་གསུམ་འདི་འདུལ་བའི་སྟོན་པ་རྣམས་ལས་གཤེན་རབ་ཉིད་གཙོ་བོ་སྨྱོས་པའོ།། |
དགྲ་བཅོམ་གཤེན་རབ་རྣམས་ཀྱི་རྒྱལ་པོ་ནི། |
ཉན་ཐོས་རྣམས་དང་རང་རྒྱལ་རྣམས་དང་། |
བྱང་ཆུབ་སེམས་དཔའ་རྣམས་དང་། |
དེ་དག་གི་དགྲ་བཅོམ་པ་རྣམས་ཀྱི་རྒྱལ་པོ་ལྟ་བུ་སྟེ། |
དེ་དག་རྣམས་གཤེན་རབ་ཀྱིས་བཅས་པའི་བསླབ་པ་ཕྲ་མོའང་སྲོག་གི་ཕྱིར་ཡང་མི་གཏོང་བ། |
གཤེན་རབ་ཀྱི་བཀའ་ལ་གནས་པ་ཁོ་ནས་རང་ལམ་གྱི་འབྲས་བུ་ཐོབ་དགོས་པས་ན་དེ་སྐད་ཅེས་བྱ། |
གཡུང་དྲུང་སེམས་དཔའ་རྣམས་ཀྱི་སློབ་དཔོན་ནི། |
བླ་ན་མེད་པའི་བྱང་ཆུབ་དོན་དུ་གཉེར་བ་ལ་སྙིང་སྟོབས་ཟློག་ཏུ་མེད་པའི་གཡུང་དྲུང་སེམས་དཔའ་རྣམས་ནི། |
རྒྱལ་བའི་གདུང་འཛིན་པ་དང་། |
འཕྲུལ་ངག་བོན་གྱི་མཛོད་ལ་དབང་བ་དང་། |
བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་དང་ཤེས་རབ་ལ་མངའ་བརྙེས་པ་དང་། |
དེ་དག་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་སྲས་སུ་གྱུར་པས། |
དེ་དག་གི་མཚན་དུ་གཡུང་དྲུང་སེམས་དཔའ་དང་། |
རྒྱལ་བའི་སྲས་ཞེས་བྱ་ལ། |
དེ་རྣམས་ཀྱི་ཡབ་བམ་རྒྱལ་པོ་གྱུར་པ་སྟེ། |
དང་པོ་རིགས་ཀྱི་ས་བོན་བསྐྲུན་པ་དང་། |
བར་དུ་སྤང་རྟོགས་ཀྱི་སྐྱེད་བསྲིང་པ་དང་། |
ཐ་མར་བཅུ་པའི་ས་ལ་བོན་གྱི་རྒྱལ་པོར་དབང་བསྐུར་བར་བྱེད་པ་པོ་ནི་སངས་རྒྱས་ཡིན་པས་རྒྱལ་པོ་ཞེས་བྱའོ།། |
ཐར་འདོད་གང་ཟག་རྣམས་ཀྱི་དེད་དཔོན་ནི། |
སྐུ་དངོས་དང་ཕྲིན་ལས་ཀྱི་འཇུག་པ་བསམ་གྱིས་མི་ཁྱབ་སྐྱབས་འགྲོ་དང་བྱང་སེམས་ཞིང་འགྲེལ་སོགས་ཀྱི་སྐོར། |
པས་འགྲོ་བ་རྣམས་རང་རང་གི་སྐལ་བ་དང་འཚམས་པའི་ལམ་ལ་འགོད་ཅིང་མཐར་ཐུག་གི་བྱང་ཆུབ་གསུམ་པོ་གང་རུང་གི་གོ་འཕང་ཐོབ་པར་བྱེད་པ་ལ། |
འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་སྒྲོལ་བའི་ཐབས་མཁས་པས་ན་དེད་དཔོན་ཞེས་བྱ་སྟེ། |
རྒྱ་མཚོའི་གླིང་ནས་རིན་པོ་ཆེ་འདོན་པའི་གྲུ་དང་གཟིངས་ལ་མཁས་པའི་མི་ལ་དེད་དཔོན་ཞེས་པ་དང་མཚུངས་སོ།། |
གསུམ་པ་རང་གཞན་གྱི་དོན་རྫོགས་པས་དོན་བསྡུ་བ་ལ་གསུམ། |
རང་དོན་རྫོགས་པ། |
གཞན་དོན་རྫོགས་པ། |
དོན་བསྡུ་བའོ།། |
དང་པོ་ལ་གཉིས་ལས། |
དང་པོ་སངས་རྒྱས་ཉིད་ལ་རང་བཞིན་གྱིས་མངའ་བའི་ཡོན་ཏན་ནི། |
མདོར་ན་སངས་རྒྱས་ནས། |
མཐོ་བ་ཞེས་པའི་བར་གྱིས་བསྟན། |
སངས་རྒྱས་ཞེས་པ་ནི། |
སྔར་ཡང་བཤད་ཟིན་ཀྱང་། |
མདོར་བསྡུ་ན་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཐམས་ཅད་སངས་ཤིང་། |
ཇི་ལྟར་རྟོགས་པ་དང་ཇི་སྙེད་མཁྱེན་པ་གཉིས་ཀྱི་ཡེ་ཤེས་རྒྱས་པ་པ་སྟེ། |
དེ་ལྟ་བུའི་སངས་རྒྱས་གཤེན་རབ་མི་བོ་དེ་ཉིད་འཇིག་རྟེན་འདྲེན་པའི་གཤེན་རབ་གྲངས་མེད་པའི་དབུས་ནས་ཐུགས་བསྐྱེད་ཀྱིས་མངོན་པར་འཕགས་པས་ན་མཆོག་ཅེས་བྱ་ལ། |
དེ་ནི་སྔོན་གྱི་སངས་རྒྱས་རྣམས་ཀྱིས་བོན་ཐམས་ཅད་ཀྱི་གནས་ལུགས་ཇི་ལྟ་བ་བཞིན་ཐུགས་སུ་ཆུད་ནས་བླ་ན་མེད་པའི་ས་ཆེན་པོ་ལ་གཤེགས་པ། |
དེ་བཞིན་དུ་རྣམ་པར་ཐམས་ཅད་མཁྱེན་པའི་གྲོང་དུ་ལེགས་པར་གཤེགས་ས་ང་ཇི་ལྟར་ན་ལམ་གྱི་གེགས་སུ་གྱུར་པ་ཐམས་ཅད་པའམ་ཉེས་པ་ཀུན་གྱི་རྩ་བ་ཉོན་མོངས་པ་ནི། |