text
stringlengths
1
22.3k
ཐར་པ་ཐོབ་ཏུ་མི་སྟེར་བའི་དགྲའམ་བདུད་ཡིན་ག་དེ་བག་ཆགས་དང་བཅས་པ་དྲུང་ནས་ཕྱུང་བ་ལ་བདུད་བཅོམ་པ་ཞེས་བྱ་སྟེ་སྤངས་རྟོགས་མཐར་ཐུག་པའི་སངས་རྒྱས་མངོན་དུ་གྱུར་པའོ།།
དེ་ནི་ཉན་རང་བྱང་ཆུབ་སེམས་དཔའ་གསུམ་གྱི་གང་ཟག་གི་ཡུལ་ལས་ཁྱད་པར་དུ་མས་འཕགས་པ་སྟེ།
འདི་ལྟ་གཞི་ཇི་ཀུན་མཁྱེན་ཤར་རྫ་པ་བཀྲ་ཤིས་རྒྱལ་མཚན་གྱི་གསུང་འབུམ།
བཞིན་ཉིད་མངོན་གྱུར་གྱི་རང་བཞིན་༡།
རང་རིག་པའི་ཡེ་ཤེས་སྒྲིབ་གཡོགས་མེད་པའི་རང་བཞིན་༢།
དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་༣།
འདུས་མ་བྱས་པའི་བོན་ཉིད་མངོན་དུ་གྱུར་པ་༤།
དུས་གསུམ་འདུ་འབྲལ་མེད་པར་རྒྱུན་དུ་གསལ་བ་༥།
རང་གི་རྒྱུད་རྣམ་པར་དག་པ་༦།
བླ་ན་མེད་པ་མངོན་དུ་གྱུར་པ་༧།
ཐུགས་རྗེས་ཀུན་ལ་ཁྱབ་པ་༨།
འགྲོ་བར་ཇི་ལྟ་མོས་བཞིན་སྣང་བ་༩།
ཐམས་ཅད་ཐམས་ཅད་ཉིད་དུ་མངའ་མཛད་ཀྱང་རང་གི་ངོ་བོ་མཚན་མ་དང་བྲལ་བ་༡༠།
སྐུ་གཡུང་དྲུང་སྐྱེ་ཤི་མེད་པ་༡༡།
གསུང་གཡུང་དྲུང་འགག་འཛེར་མེད་པ་༡༢།
ཐུགས་གཡུང་དྲུང་བདེ་བ་ཆེན་པོ་༡༣།
ཐུགས་རྗེ་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པ་༡༤།
མཁྱེན་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་༡༥།
ལེགས་པའི་ཡོན་ཏན་བསམ་གྱི་མི་ཁྱབ་པ་༡༦།
མཛད་པའི་འཕྲིན་ལས་བསམ་གྱིས་མི་ཁྱབ་པ་༡༧།
གདུལ་བྱའི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་༡༨།
བོན་ཉིད་ཀྱི་དབྱིངས་ནས་རང་བཞིན་མེད་པ་རང་བྱུང་བའི་རང་བཞིན་དང་༡༩བཅུ་ཕྲག་གཅིག་དང་གཅིག་ཕྲག་དགུས་མཐོ་བའོ།།
གཉིས་པ་ནི།
འཕགས་པ་ཞེས་པས་བསྟན།
རྫོགས་པའི་སངས་རྒྱས་ཉིད་ཉན་ཐོས་དང་རང་རྒྱལ་སོགས་ལས་ཁྱད་པར་འཕགས་པའི་ཡོན་ཏན་བཅུ་ཕྲག་གཅིག་ཡོད་དེ།
འདི་ལྟར་སེམས་བསྐྱེད་ཀྱི་ཁྱད་པར་ཉན་རང་གཉིས་ཀྱིས་རང་དོན་དུ་བྱང་ཆུབ་ཏུ་སེམས་བསྐྱེད།
སངས་རྒྱས་ཀྱིས་དང་པོ་བསླབ་ལམ་དུ་ཞུགས་དུས་ནས་སེམས་ཅན་གཞན་དོན་དུ་ཐུགས་བསྐྱེད་པ་༡།
སྨོན་ལམ་ཡང་ཉན་རང་གཉིས་ཀྱིས་རང་དོན་དང་།
སངས་རྒྱས་ཀྱིས་གཞན་དོན་དུ་བཏབ་པ་༢།
རྒྱུ་ལ་ཡང་ཉན་རང་གི་དགེ་རྩ་ཇི་སྙེད་བསགས་ཀྱང་སེམས་བསྐྱེད་དང་ལྟ་བ་མཐར་ཐུག་གིས་མ་ཟིན་པས་ན་ལྷག་མེད་སྐྱབས་འགྲོ་དང་བྱང་སེམས་ཞིང་འགྲེལ་སོགས་ཀྱི་སྐོར།
དུ་ཟད་པའམ་བྱང་ཆུབ་ཆེན་པོ་མི་འགྲུབ།
སངས་རྒྱས་སྒྲུབ་པའི་དགེ་རྩ་ནམ་མཁའ་ཇི་སྲིད་དུ་ཆུད་མི་ཟ་ཞིང་འགྲོ་དོན་ནམ་མཁའ་དང་མཉམ་པ་འབྱུང་བའི་གཞིར་གྱུར་པ་༣།
ངོ་བོ་ཡང་ཉན་རང་གཉིས་ཀྱིས་མཐར་ཐུག་དགྲ་བཅོམ་ཐོབ་ནའང་གཟུགས་སྐུའི་མཐར་ཐུག་མ་ཡིན།
སངས་རྒྱས་ནི་ཟག་མེད་ཀྱི་ཕུང་པོ་ལྔའི་བདག་ཉིད་གཟུགས་བརྙན་ཙམ་དུ་གདུལ་བྱ་ལ་སྣང་བ་༤།
སྤངས་རྟོགས་ཀྱང་ཉན་རང་གཉིས་ཀྱིས་ཉི་ཚེ་བ་ཙམ་ལས་མི་འགྲུབ།
སངས་རྒྱས་ནི་སྤངས་རྟོགས་མཐར་ཐུག་བླ་ན་མེད་པ་གྲུབ་པ་༥།
སྒྲུབ་པའང་ཉན་རང་གཉིས་ཀྱིས་དོན་གཉིས་མཐར་མ་ཕྱིན།
སངས་རྒྱས་ཀྱིས་རང་དོན་གཞན་དོན་གཉིས་ཀ་མཐར་ཕྱིན་པ་༦།
ལྟ་བའང་ཉན་རང་གཉིས་ཀྱིས་བདག་མེད་གཅིག་གམ་ཕྱེད་དང་གཉིས་ལས་མ་རྟོགས།
སངས་རྒྱས་ཀྱིས་བདག་མེད་གཉིས་ཀ་མངོན་གྱུར་པ་བརྙེས་པ་༧།
ཕྲིན་ལས་ཉན་རང་གཉིས་ཀྱིས་གཞན་དོན་མི་མཛད།
སངས་རྒྱས་ཀྱིས་འཁོར་བ་ཇི་སྲིད་གནས་ཀྱི་བར་དུ་འགྲོ་དོན་འབད་མེད་ལྷུན་གྲུབ་མཛད་པ་༨།
སྟོབས་ལའང་ཉན་རང་གི་དགྲ་བཅོམ་པ་ཇི་སྙེད་ཀྱི་སྟོབས་ཀྱིས་སངས་རྒྱས་ཀྱི་སྟོབས་བརྫི་བ་མི་ནུས་ཏེ།
སངས་རྒྱས་ཀྱིས་རི་བོ་ཆེན་པོ་ཇི་ལྟ་བུ་ཡང་གྲོ་གའི་ཤོག་ཤོག་བསྒྱུར་བ་བཞིན་དུ་ཕྱག་གིས་གྱེན་དུ་འདེགས་པ་དང་ཐུར་དུ་སྐྱེལ་བ་སོགས་སྟོན་པ་ཀོང་ཡུལ་དུ་ཕེབས་དུས་ན།
བདུད་གཤེན་གཉིས་ཀྱི་ལོ་རྒྱུས་མདོ་ལས་ལས་གསུངས་པས་མཚོན་ནས་ཤེས་པར་བྱ།
རྫུ་འཕྲུལ་གྱི་སྟོབས་ཀྱང་དྲང་སྲོང་རྣམས་ཀྱིས་རི་རབ་རེ་རེའང་གོམ་པ་རེ་རེས་བཅད་པར་ནུས་ཏེ།
ཐེག་པ་ཆེན་པོའི་མདོ་ལས།
དྲང་སྲོང་རྣམས་ཀྱི་རྫུ་འཕྲུལ་འདི་ལྟ་སྟེ།
མགྱོགས་ཚད་གློག་དང་འདྲ་བར་བྱས་ནས་ཀྱང་།
རི་རབ་བདུན་ཡང་གོམ་པ་རེ་རེས་གཅོད།
ཞེས་གསུངས་པ།
ཡེ་གཤེན་གཡུང་དྲུང་སེམས་དཔའ་རྣམས་ཀྱི་རྫུ་འཕྲུལ་དེ་ལས་ཀྱང་བརྒྱ་སྟོང་ཁྲི་འབུམ་ཀུན་མཁྱེན་ཤར་རྫ་པ་བཀྲ་ཤིས་རྒྱལ་མཚན་གྱི་གསུང་འབུམ།
འཕགས་པ་སྟེ།
དེ་ཉིད་ལས།
ཡེ་གཤེན་རྣམས་ཀྱི་རྫུ་འཕྲུལ་འདི་འདྲ་སྟེ།།
སྟོང་གསུམ་ཁྲི་འབུམ་ཡུངས་འབྲུ་ཙམ་དུ་འཛུད།།
ཡུངས་འབྲུ་མ་འཕེལ་སྟོང་གསུམ་རངས་པར་མཐོང་།
ཡུངས་འབྲུ་ཙམ་གཅིག་སྟོང་གསུམ་ཙམ་དུ་སྤྲུལ།།
ནང་གི་སེམས་ཅན་ཀུན་གྱིས་མ་ཚོར་བ།།
སྟོང་གསུམ་འཇིག་རྟེན་དུ་མ་འཕེན་པར་ནུས།།
འདི་ནས་རང་གི་སྟན་ལས་མ་གཡོས་པར།།
འཇིག་རྟེན་འབུམ་ཕྲག་མང་པོའི་ཕ་རོལ་འཕེན་ཞེས་གསུངས།
དེ་ལྟ་བུའི་རྫུ་འཕྲུལ་བརྒྱ་སྟོང་ཁྲི་འབུམ་གྱིས་སངས་རྒྱས་ཀྱི་རྫུ་འཕྲུལ་དཔེ་ཡང་མི་རུང་ཞིང་ཉེ་བ་ཙམ་དུའང་མི་འགྱུར་༩།
མཁྱེན་པའི་ཡེ་ཤེས་ཀྱང་དྲང་སྲོང་རྣམས་ཀྱིས་མཉམ་པར་གཞག་པའི་ཚེ་སྟོང་གསུམ་འཇིག་རྟེན་གཅིག་མཐོང་བ་སྟེ།
དེ་ཉིད་ལས།
མཉམ་པར་གཞག་ཚེ་སྟོང་གསུམ་རངས་པར་མཐོང་།
ཞེས་གསུངས་པ།
སངས་རྒྱས་ཀྱི་མཁྱེན་པའི་ཡེ་ཤེས་ཀྱིས་ཤེས་བྱ་མཐའ་དག་གམ་མཁའ་ཁྱབ་ཀྱི་འཇིག་རྟེན་ཁམས་སྤྱི་དང་རང་གི་མཚན་ཉིད་མ་འདྲེས་པར་སོ་སོར་མཁྱེན་པ་སྟེ།
སྡུད་པ་ལས།
མཁྱེན་པའི་ཡེ་ཤེས་དེ་ནི་ནམ་མཁའ་འདྲ།
ནམ་མཁས་སྣང་སྲིད་གསལ་ཞིང་ཁྱབ་པ་ལྟར།
ཐམས་ཅད་མཁྱེན་པ་བས་མི་གསལ་མ་ཁྱབ་མེད་ཅེས་གསུངས།
ཞེས་སོགས་ཀྱིས་རིགས་ཅན་གསུམ་གྱི་ཡུལ་ལས་འཕགས་པའོ་༡༠།
གསུམ་པ་ནི།
དཔེས་བསྔགས་པའི་ནས།
ཚེ་བ་ཞེས་པས་བསྟན།
སངས་རྒྱས་ཉིད་ཀྱིས་གཞན་དོན་དུ་གང་ལ་གང་འདུལ་གྱི་མཛད་པ་ཚད་མེད་པ་སྟེ།
ཅུང་ཟད་དཔེ་དང་སྦྱར་ནས་བཤད་ན།
འདི་ལྟ་མ་རིག་མུན་པ་སེལ་བའི་སྒྲོན་མ་༡།
འཁོར་བའི་རྒྱ་མཚོར་སྒྲོལ་བ་གྲུ་པ་༢།
ཞེ་སྡང་མེ་ཆེན་འཇོམས་པའི་ཆུ་བོ་༣།
འདོད་ཆགས་རྒྱ་མཚོ་སྐམ་པའི་ཉི་མ་༤སྲིད་པའི་དཔྱངས་ཐག་གཅོད་པའི་རལ་གྲི་༥།
ཉོན་མོངས་དུག་གསུམ་སྦྱང་བའི་སྨན་པ་༦།
སེམས་ཅན་བུ་ལྟར་སྐྱོང་བའི་ཡུམ་ཆེན་༧།
འགྲོ་བའི་སྐྱབས་འགྲོ་དང་བྱང་སེམས་ཞིང་འགྲེལ་སོགས་ཀྱི་སྐོར།
དགོས་འདོད་བསྐང་བ་ནོར་བུ་༨།
བདུད་སྲིན་ཟིལ་གྱིས་གནོན་པའི་སེང་༩།
གཟུང་འཛིན་མདུད་པ་བཀྲོལ་བའི་སོག་ལེ་༡༠།
ཐམས་ཅད་ཐུགས་རྗེས་འཛིན་པའི་ལྕགས་ཀྱུ་༡༡།
རྣམ་རྟོག་རི་བོ་འཇོམ་པའི་ཐོ་བ་༡༢ །
ལྟ་བ་ཐམས་ཅད་ཁེབས་འོག་ཏུ་ཆུད་པའི་ཁྱུང་ཆེན་༡༣།
ཐུགས་རྗེས་ཀུན་ལ་ཁྱབ་པའི་ནམ་མཁའ་༡༤།
ཐེག་པ་ཐམས་ཅད་སྒྲོགས་པའི་འབྲུག་སྒྲ་༡༥།
བོན་ཀུན་ལྷུན་གྱིས་གྲུབ་པའི་ཙནྡ་སྦྲུལ་གྱི་སྙིང་པོ་༡༦།
ཅི་ལྟ་བསྟན་པ་ལྟར་འཆར་བའི་ནོར་བུ་ཚོན་ཤེལ་༡༧།
རྣམ་རྟོག་ཐམས་ཅད་དྭངས་པར་མཛད་པ་ནོར་བུ་ཆུ་འདངས་༡༨།
ཡེ་ཤེས་མྱུ་གུ་བསྐྱེད་པའི་ས་ཆེན་པོ་༡༩།
བག་ཆགས་དྲི་མ་བཀྲུ་བའི་ཆབ་གཙང་༢༠།
དངོས་པོ་མཚན་མ་སྲེག་པའི་མེ་དཔུང་༢༡།
གདུལ་བྱའི་བསམ་པ་གཡོ་ཞིང་བསྐྱེད་པའི་རླུང་ཆེན་པོ་༢༢།